e-texts navigator
Collection
Volume
Page
Wylie

333a1 རྨད་དུ་བྱུང་བའི་རྫུ་འཕྲུལ་དུ་མ་རྣམས་མཐོང་བ་འམ།ཡང་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་མཐོང་བར་འགྱུར།།དུ་ནས་རང་ཉིད་རྡོ་རྗེ་འཛིན་ཀུན་གྱི།།སློབ་དང་ན།
333a2 ནི་ཕྱག་རྒྱ་ཐམས་ཅད་འགྲུབ་པོ།།དམ་ཚིག་ཐམས་ཅད་ཤེས་པ།།ལས་ཐམས་ཅད་ནུས་པ།།བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་པ་ཡིན།།འཇུག་པའི་ཆོ་ག་འདི་ཡིས་རྡོ་རྗེ་སློབ
333a3 དབེན་རང་ཉིད་ཅི་སྙེད་པའི་དྲིས་བྱུགས་ཤིང་བསྒོས་པ་རྒྱན་དང་བཅས་པའི་མེ་ཏོག་གི་ཕྲེང་བས་ལུས་ཤིན་ཏུ་རྒྱན་པ།གོས་དམར་པོ་གཉིས་བསྒོས་པས་རང་ཉིད་ཀྱི་བཅོམ་ལྡན་འདས
333a4 ལ་བསྟོད་ཅིང་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པས་རང་ཉིད་འཇུག་པར་བྱའོ།།བསྟོད་པ་ནི་དྲུག་ལྡན་ལ་སོགས་པ་གླུ་ཡིས་བྱའོ།།འདོད་ཆགས་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི།།ཀུན
333a5 ཏུ་ས་བདག་ལ་བདེ་བ་ལ་སྩོལ་ཅིག།རྡོ་རྗེ་སེམས་དགོངས་མྱུར་དུ་བདག་བསྟན་མཛོད།།བདག་དགྱེས་མཛད་དང་བདེ་མཆོག་གྲུབ་ལ་འདུད་དེ་ནས་རབ་ཏུ་ཞུགས་ནས་དགོང་སུ་གསལ
333a6 བར་བྱ་སྟེ།ཐོག་མཐའ་མེད་པའི་སེམས་དཔའ་ནི།།རྡོ་རྗེ་སེམས་དཔའ་བདེ་བ་ཆེན།།ཀུན་ཏུ་བཟང་པོ་ཁྱོད་ཡིན་ཏེ།།རྡོ་རྗེ་བསྙེམས་བདག་ཁྱབ་བདག་ཡིན།།སེམས་ཀྱི་སེམས
333a7 དཔའི་ཏིང་ངེ་འཛིན།།དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན།།ཀུན་མཆོག་དམ་ཚིག་དངོས་གྲུབ་ཅན།།རྡོ་རྗེ་སེམས་བདག་དེ་གྲུབ་མཛོད།།དེ་ནས་བཅོམ་ལྡན་དེ་ཉིད་ཀྱིས།།རྡོ་རྗེ་སློབ་དཔོན




iiif viewer powered by OpenSeadragon

332b - 333b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba