e-texts navigator
Collection
Volume
Page
Wylie

332b1 །སྟེསྐྱེད་དང་།།མེ་ཏོག་ལ་སོགས་ཀུན་གྱིས་མཆོད།།དྲིལ་བུ་བརྟགས་པའི་བ་དན་རྣམས།།མཚམས་རྣམསུ་ནི་གཞག་པར་བྱ།།ལྕུག་མ་དུང་བཅས་བུས་པ་རྣམས།།ཡི་ཕྱི་རོལ་དག་ཏུ་བཞག།རྡོ་རྗེ་དང།
332b2 བཅས་གཞི་དང་།།བཅུག་མོ་ཡོངསུ་བཟླས་ནས་ནི།།དྲི་ཆུས་གང་བའི་བུམ་པ་སྟེ།།ཕྱག་ན་རྡོ་རྗེའི་མདུན་བཞག་བྱ།།དེ་ལ་འདི་ལྟར་བདེ་བ་ཆེན་པོའི་དམ་ཚིག་གི་བདུད་རྩིའི་ཆུ་བྱིན་གྱིས་བརླང་པའི
332b3 སྙིང་པོ་ནི།ོཾ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ། བྷིཥྛ།ཛཱཿཧཱུཾ་བཾ་ཧོ།།ལན་ཉི་ཤུ་རྩ་གཅིག་བཟླའོ།།ཆུ་འདི་གཏོར་བ་འམ་འཐུངས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་བྱེང་བ་དང་།བདེ་བ་ཐམས་ཅད
332b4 རབ་ཏུ་འཕེལ་བར་འགྱུར་བ་ཡིནོ།།དེ་ནས་རང་གི་དམ་ཚིག་རྣམས་ཀྱིས་རྡོ་རྗེ་འཆང་ལ་སོགས་པ་བསྒྲུབ་པར་བྱའོ།།ཛཿཧཱུ~ཾ་བཾ་ཧོཿཞེས་བརྗོད་ནས་དགུག་པ་དང་།།གཞུག་པ་དང་།བཅིངས་ནས
332b5 སྐད་ཅིག་གིས་དབང་དུ་འགྱུ་རོ།།ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ།།དེ་བཞིན་གཡསུ་མཛུབ་ལྕགས་ཀྱུས།།དགུག་པ་འདི་ནི་ལན་གཅིག་གིས།།འགྲུབ་པར་རབ་ཏུ་གཞུག་པར་བྱ།།ོཾ་མཧཱ།
332b6 སུ་ཁ་བཛྲ་སཏྭཱ། ཨི་ཏི་ཤྲཱི་གྷྲ~ཾ་སུ~ཾ་ཁ་བཛྲ་གུ་ཧྣེ་ས་མ་ཡ་མནུ་སྦྱར་པཱ་ནུ་སྥ་ར་པྲ་བྷཱུ་ཏ་ས་མ~ཾ་ལཱ་སྟྭ~ཾ་ཧྲྀ་དྲཱ་ཡ།སུ་ཏིཥྚི་མེ་བྷ་ཝཱ།སུ་བོ་ཥྱོ་མེ་བྷ་ཝ། ནུ་རཀྟོ་མ་བྷ་བ།ོཾ་དྷི་ཏཱིཥྛ་བྷ་ག་བཱཾ་ཨཱན
332b7 ཏི་ན་ད་ན་སིད་དྷི་ཏུ་མེ་མནྟྲ་པ་དེ།ཛེཿཧཱུཾ་བཾ་ཧོཿདེ་ནས་རྟག་ཏུ་བཅོམ་ལྡན་འདས།།དཀྱིལ་འཁོར་དུ་ནི་རང་ཉིད་བྱིན།།དགུག་ཅིང་བཅུག་གནས་བརྟན་པ་དང་།།དབང་དུ་འགྱུར་ཞིང་འགྲུབ་པ་ཡིན།།




iiif viewer powered by OpenSeadragon

332a - 333a

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba