e-texts navigator
Collection
Volume
Page
Wylie

332a1 རིམས་ཅི་བཞིན་བྲི་བར་བྱ།།མདུན་དུ་སྐུ་མདོག་དམར་པོ་ནི།།རྡོ་རྗེ་མཚོན་ཆ་ལ་བརྩོན་པ།།གན་སུ་དག་པའི་དཀར་པོ་སྟེ།།ལེགས་པར་འཁྱུད་པའི་རྡོ་རྗེ་ཅན།།
332a2 རྒྱབ་ཏུ་སྐུ་མདོག་སེར་པོ་སྟེ།།ཆུ་སྲིན་གྱི་ནི་རྒྱལ་མཚན་འཛིན།།གཡོན་དུ་སྐུ་མདོག་སྔོན་པོ་སྟེ།།ཕྱག་གཉིས་སྙེམས་པ་འཛིན་ལ་སོགས།།མཆོད་པའི་སྣོད་རྣམས་འཛིན་པའོ།།མཆོད།
332a3 པའི་ལྷ་མོ་བྲི་བར་བྱ།།སྒེག་མོ་བཞད་མ་གླུ་མ་དང་།།དཀར་མོ་ལྷ་ཡི་བུ་མོའི་ཚོགས།།རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་།།རྡོ་རྗེ་ལྕགས་སྒྲོགས་དྲིལ་བུ་སྣམས།།སྒོ་ནི་བཞི་པོ་རྣམས་ལ་ནི།།སྒོ་སྲུང
332a4 བཞི་པོ་དགོད་པར་བྱ།།དེ་ནས་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ཏེ།།ཧཱུཾ་བཛྲ་དྲྀཥྚི་སཱ་མ་ཀེ་མ་ཊ།ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཡེ་ཧཱུཾ།ཧཱུཾ་སྨཱ་ར་བཛྲ་བཾ་དྷ་ཧཱུཾ།ཧཱུཾ་ཏུཥྚ་བཛྲ་པ་ཎི་ཧཱུཾ།རྡོ་རྗེ་བྲནོ།།དེ་ནས
332a5 མཆེད་པའི་ལྷ་མོ་རྣམས་ཀྱི་ནི།ཧཱུཾ་མ་དྷུ་ར་བཛྲཱི་ཧཱུཾ།ཧཱུཾ་བཛྲ་མེ་གྷེ་ཧཱུཾ།ཧཱུ~ཾ་ཤཱ་རད་བཛྲ་ཧཱུཾ།ཧཱུཾ་བཛྲ་ཤཻ་རི་ཧཱུཾ།དེ་ནས་ལྷའི་བུ་མོ་རྣམས་ཀྱི་ནི།ཧཱུཾ་བཛྲ་ལཱ་སྱེ།མ་ཧཱ་བ་ར་བཛྲི་ཎི།ོཾ་བཛྲ་གཾ།
332a6 །ཏེ་བཛྲ།ོཾ་ཏྲི་ཏེ་བཛྲ།དེ་ནས་སྒོ་སྲུང་རྣམས་ཀྱི་ནི།ཛ་ཨཾ་ཀུ་ཤི་པྲ་ཏི་ཧེ་རེ།ཧཱུཾ་བཛྲ་པཱ་ཤེ་ག་ན།བ་བཛྲ་སྥོ་ཊ་དུ་ཧཾ། བཛྲ་གྷཾ་ཊ་ཙྪེ་ད།དེ་ལྟར་ལྷ་མོའི་དཀྱིལ་འཁོར་དུ།བུད་མེད
332a7 གྲགས་པ་ཉིད་ནི་འགོད།།བཀོད་ན་དེ་དག་རྣམས་ཀྱིས་ནི།།བྱིན་གྱིས་བརླབས་པ་ཉིད་དུ་འགྱུར།།དེ་ནས་ཕྱག་ན་རྡོ་རྗེ་འཛིན།།དཀྱིལ་འཁོར་ཀུན་ཏུ་བྲིས་བྱས་ནས།།བུམ་པ་གང་བ་ཇི




iiif viewer powered by OpenSeadragon

331b - 332b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba