| | e-texts navigator
|
331b1 དེའི་དབུས་ཆོ་ག་བཞིན་དུ་ནི།།ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས།།དེར་ནི་དཀྱིལ་འཁོར་བསྒྲུབ་པར་བྱ།།གསར་ཞིང་ལེགས་པར་བསྒྲིལ་བ་དང་།།མདུད་པ་དག་ནི་མེད་པ་ཡི།།ཐིག་སྐུད་དམར
331b2 པོས་ཐིག་བཏབ་ནས།།ཚན་གྱི་ཕྱེ་མས་དྲི་བར་བྱ།།ཟུར་བཞི་པ་ལ་སྒོ་བཞི་པ།།སྒོ་ཁྱུང་བཞི་སྡེ་ནི་མཛེས་པ་དང་།།ཁ་ཁྱེར་གྱིས་ནི་ཡོང་སུ་བསྐོར།།མཚམ་སུ་ལྷ་ཡི་བུ་མོས་མཛེས།།དཀྱིལ
331b3 འཁོར་གྱི་ནི་མཚམས་རྣམས་དང་།།སྒོ་དང་སྒྲོ་ཁྱུད་མཚམས་རྣམས།།ཟླ་བ་ཕྱེད་ལ་གནས་པ་ཡི།།རྡོ་རྗེ་རིན་ཆེན་འོད་ཟེར་འབར།།རླུང་གིས་སྤྱོད་པའི་དྲིལ་བུ་མཆོག།བ་དན་སྣ་ཚོགས་མཛེས
331b4 པ་ཡིན།།མ་ལོང་དྲ་བ་མེ་ཏོག་ཕྲེང་།།ལྡན་པའི་ཕྱི་རོལ་དཀྱིལ་འཁོར་བྲི།།དེ་ཡི་ནང་དུ་འཁོར་ལོ་ནི།།དཀྱིལ་འཁོར་བརྐྱང་བ་དང་འདྲ་བ།།རྡོ་རྗེ་ཐིག་གིས་ཡོངས་བསྐོར་བའི།།རྡོ་རྗེ་འཁོར་ལོ
331b5 ཡང་དག་བྲི།།དེ་དབུས་ཆོ་ག་བཞིན་དུ་ནི།།རྡོ་རྗེ་སེམས་དཔའ་དགོད་པར་བྱ།།བླུགས་སམ་ཡང་ན་བྱས་པ་འམ།།བརྡུངས་སམ་ཡང་ན་བྲིས་པ་ཡིས།།བཞད་པ་དང་པཱ་ཅས་ཟླ་བའི་འོང་།།འབར།།
331b6 བའི་འོད་ཟོར་དམར་པོས་ཁྱབ།།སངས་རྒྱས་ཕྲེང་བས་རྣམ་པར་མཛེས།།སྦྲུལ་ཆེན་གྱིས་ཡང་དག་བྱུགས།།སེམས་དཔའི་དཀྱིལ་མོ་དཀྲུངས་གིས་བཞུགས།།རྡོ་རྗེ་བསྒོམས་པ་འཛིན་པའི
331b7 མཆོག།ས་མ་ཡ་སྟྭཾ་ཞེས་བརྗོད་ནས།།སྙིང་ཁར་རྣམ་པར་དགོད་པར་བྱ།།དེ་ཡི་ལོགས་ནི་ཐམས་ཅད་དུ།།སེམས་དཔའ་ཆེན་པོ་རྣམས་བྲིས་ཏེ།།ཚོན་ནམ་ཡང་ན་རྡུལ་ཚོན་གྱིས།།ཀཽ
iiif viewer powered by OpenSeadragon
331a - 332a