e-texts navigator
Collection
Volume
Page
Wylie

331a1 རྡོ་རྗེ་གཡོན་དུ་རྡོ་རྗེ་བསྒྱངས་པའོ།།མཚམས་རྣམ་སུ་མཛོད་པའི་ལྷ་མ་རྣམ་སོ།།ཕྱི་རོལ་གྱི་ཁ་ཁྱེར་འཚམ་སུ་ལྷའི་བུ་མོ་རྣམ་སོ།།བློ་སྲུང་བ་རྣམས་ན་རྡོ་རྗེ་ལྕགས
331a2 ཀྱུ་དང་།ཞགས་པ་དང་།ལྕགས་སྒྲོག་དང་།དྲིལ་བུ་འཛིན་པའོ།།ཕྱི་རོལ་ཏུ་རྡོ་རྗེ་སྒོ་སྲུད་ཀྱི་ཚོགས་དང་ཕོ་ཉ་དང་བྲན་རྣམ་སོ།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས
331a3 ཅད་ཀྱི་ཁུ་ཚུར་བཅིངས་ཏེ།དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་ལ
331a4 གསོལ་པ་བཏབ་སྟེ།སེམས་ཅན་ཀུན་ལ་བང་དོན་དུ།རྒྱལ་བ་ཆེན་པོ་འབྱུང་བ་སྟེ།།ཆགས་བྲལ་བ་རྣམས་ཆགས་ལྡན་ཡང་།།རང་གི་བཆེན་མོའང་གསོལ་མཛད་པས།།དེ་ཕྱིར་བདག་གི་ཁྱོད།།
331a5 ལ་གསོལ།།བདེ་བ་ཆེན་པོ་རྡོ་རྗེ་ཆེ།།གསང་བའི་རྟོག་པའི་དངོས་གྲུབ་སྟེ།།འདུལ་བ་མཆོག་ནི་བཤད་དུ་གསོལ།།དེ་ནས་བཅོམ་ལྡན་འདས་དོན་ཡོད་ཅིབ་ཐོགས་པ་མེད་པའི་བཀའ་བདེ་བ
331a6 ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་འདུལ་བ་རྡོ་རྗེ་འདོད་པའི་མཆོག་ཅེས་བྱ་བའི་རྣམ་པར་གནོན་པར་མཛད་ནས་རྡོ་རྗེ་ཆེན་པོ་གསང་བའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི
331a7 གསུང་སོ།།དེ་ནས་ཡང་དག་བཤད་བྱ་བ།།དཀྱིལ་འཁོར་ཆེན་པོ་དམ་པ་སྟེ།།བདེ་བ་ཆེན་པོ་རྡོ་རྗེ་མཆོག།དམ་ཚིག་དམ་པའི་མིང་ཅན་ཡིན།།དཀྱིལ་འཁོར་གནས་ནི་འདུས་བྱམ་ལ




iiif viewer powered by OpenSeadragon

330b - 331b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba