| | e-texts navigator
|
330b1 པའི་ཚུལ་དུ་མཛད་ནས་གཡས་པ་རྡོ་རྗེ་གསོར་བས་རང་གི་ཐུགས་ཁར་དང་པོའི་རྡོ་རྗེ་མཆོག་གི་སྦྱོར་བ་འཛིན་ཅིང་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ཐམས་ཅད་ཀྱི་ཕྱག་རྒྱ་འདི་ཉིད་ཀྱི་སྐུ་དང་གདུང་དང
330b2 ཐུགས་ལས་འབྱུང་།།ོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བ~ཾ་ཧ~ཾ་སུ་ར་ཏ་སྟྭཾ།དེ་ནས་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངསུ
330b3 བཟུང་བ་རྣམས་སླར་ཡིང་བྱང་ཆུབ་ཆེན་པོ་མངོན་པར་རྟོགས་ནས་ང་རྣམས་ཀྱིས་བཞད་པ་ཆེན་པོ་མངོན་པར་མཛད།།འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པ་དང་ཤིན་ཏུ་གཡོས་པས་ཡོང་སུ་དག
330b4 པར་གྱུར་ཏོ།།ཁམས་གསུམ་རྒྱས་པར་སྤྲོས་པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་འཁོར་ཆེན་པོར་གྱུར་ཏོ།།གང་གི་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ།།དེ་ནས་རྡོ་རྗེ
330b5 འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་།ཐོགས་པ་མེད་པ་ལས་མངོན་པར་འབྱུང་བར་རྡོ་རྗེ་ཆེན་པོ་ཕྱག་ཅེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ།བདེ་བ
330b6 ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་རྣམ་པར་གནོན་པར་མཛད་ནས་དེའི་སྐུ་ཐམས་ཅད་ལས་དངོས་གྲུབ་ཐམས་ཅད་དང་བདེ་བ་དང་ཡིད་བདེ་བ་སྟེར་བརྟག་ཏུ་རྗེ་སུ་འབྲེལ་བ་ཅན་ལྷན་ཅིག་དུ
330b7 སྤྱོད་པ་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་སེམས་དཔའ་རྣམས་ཕྱུང་ནས་ཕྱོགས་ཐམས་ཅད་དུ་ཕྱུང་སྟེ་མདུན་དུ་རྡོ་རྗེ་གསང་བ་ཡིད་ལས་བྱུང་བ་གཡསུ་རྡོ་རྗེ་ཀཱི་ལི་ཀཱི་ལི།རྒྱབ་ཏུ་འདོད་པའི
iiif viewer powered by OpenSeadragon
330a - 331a