| | e-texts navigator
|
330a1 སྲས་སྲིད་པར་འདོད་པའི་ཕྱིར།།སྲིད་པའི་སྐྱོན་རྣམས་འཇོམས་ཕྱིར་དང་།།བདེ་བ་ཆེན་པོ་འཕེལ་བྱའི་ཕྱིར།།གསང་བའི་རྟོག་པ་མཆོག་གསུང་བའི།།རྗེ་སུ་རྒན
330a2 པར་བདག་ལ་སྩོལ།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཉིད་ལ་ལྷག་པར་དགོངས་ནས།གདུལ་བྱ་ཐམས་ཅད་ཐུགས་རྗེ་ཆེན་པོའི
330a3 སྣ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིངེ་འཛིན་ལ་སྙོམས་པར་ཞུགས་ཏེ།མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པ་དང་།ཐམས་ཅད་ཡོད
330a4 སུ་བསྐྱང་བ་དང་།ཕན་པ་དང་།བདེ་བ་དང་།དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པ་དང་།ཡེ་ཤེས་དང་།ལས་དང་མཆོག་གིས་མ་གྲུབ་གི་རྒྱུར་འགྱུར་བའི་བར་དུ་དེ
330a5 བཞིན་གཤེགས་པའི་ཐམས་ཅད་ཉིད་དང་།རྡོ་རྗེ་འཆང་ཆེན་པོ་ཐོབ་པ་མཆོག་གི་དངོས་གྲུབ་ཀྱི་དོན་བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་དེ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར
330a6 ལོས་བསྒྱུར་བ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུའི་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བས་ཡིན།།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མ་ལུས་པ་ལུས་པ་མེད
330a7 པའི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སོགས་པ་དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར།སེམས་དཔའི་དཀྱིལ་མོ་དཀྲུངས་བཅས་ཏེ་སྐུ་དྲང་པོར་སྲང་སྟེ།གཡོན་པ་སྙེམས
iiif viewer powered by OpenSeadragon
329b - 330b