e-texts navigator
Collection
Volume
Page
Wylie

329b1 ཁམས་མ་ལུས་པར་སྤྲོས་པ་ལས་བྷྲཱུཾ་མཐའ་ཅན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ།།ཟླ་བ་ཕྱེད་པ་དུ་མཱ་ལ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་པོ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར
329b2 འབར་བའི་འོད་ཀྱིས་གསལ་བ་གསེར་གྱི་དྲིལ་བུ་བཏགས་པ་དང་།སྣ་ཚོགས་པིའི་བ་དན་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པས།མེ་ཏོག་གི་ཕྲེང་བ་སྣ་ཚོགས་པ་དང་།ན
329b3 བཟའ་དང་།མེ་ལོང་དང་།མུ་ཏིག་གི་ཕྲེང་བ་རབ་ཏུ་འཕྱང་བས་མཛེས་ཤིང་རྒྱན་པ།སྣ་ཚོགས་པའི་ཁ་ཁྱེར་ལ་གནས་པ་མཆོག་ཏུ་གྱུར་བའི་ལྷ་མོ་དགོད་པ་དང་།སྒེག་པ་དང་།གར་དུང
329b4 གླུ་ཡིས་རབ་ཏུ་རྒྱན་པ་དང་།བསྟོད་པས་སད་པར་བྱེད་པ།བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གནས་གཞལ་ཡས་ཁང་པ་ལ་བཞུག་སོ།།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན
329b5 གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའི་དམ་ཚིག་སེམས་དཔའ་ཐམས་ཅད་དང་དབང་བསྐུར་བ་ཐམས་ཅད་དང་།ཐམས་ཅད་མཁྱེན་པའི་ཏིངེ་འཛིན
329b6 ལས་ཐམས་ཅད་མཆོག་ཏུ་གྱུར་པ།ཁམས་གསུམ་ཐམས་ཅད་འདུལ་བར་མཛད་པ།ཐམས་ཅད་དབང་དུ་བྱེད་པ་པོ་འབྱིན་པ་པོ་འདོད་པ་ཐམས་ཅད་པ།རྒྱ་ཆེ་བའི་དངོས་གྲུབ་ཀྱི་ཆོ་ག་ཐམས།
329b7 ཅད་པ།རྟག་པའི་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ།ཅི་སྲིད་སྲིང་བའི་བར་གནས་པ།།དེ་སྲིད་སེམས་ཅན་དོན་མཆོག་མཛོད།།སེམས་ཅན་ཁམས་ནི་མཐའ་ཡས་དང་།།རྒྱལ




iiif viewer powered by OpenSeadragon

329a - 330a

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba