| | e-texts navigator
|
328b1 སྟོབས་རབ་ཏུ་འཇོམས་པའི་དངོས་གྲུབ་དམ་པ་ནི།ཁམས་གསུམ་པ་ཐམས་ཅད་དབང་ཕྱུག་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་གསུམ་པ་ཐམས
328b2 ཅད་ཀྱི་དབང་ཕྱུག་གི་དངོས་གྲུབ་དམ་པ་ནི་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པར་ཡོངསུ་སྦྱོང་བར་འདོད་པའི་རྒྱུད་ཕྱིར།འཁོར་བ་ལ་ཡང་མ་ཆགས་ཤིང་།བརྩོན་འགྲུས་ཆེན་པོའི
328b3 བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངསུ་སྐྱོབ་པ་དང་།སེམས་ཅན་ཐམས་ཅད་ལ་ཕན་པ་བདེ་བའི་མཆོག་ཤིན་ཏུ་བདེ་བ་ཆེན་པོའི
328b4 །དངོས་གྲུབ་དམ་པར་འགྱུར་རོ།།དེ་ཅིའི་ཕྱིར་ཞེ་ན།ཅི་སྲིད་འཁོར་བའི་གནསུ་ནི།།མཁས་མཆོག་འདུག་པར་གྱུར་པའི་ཚེ།།ཇི་སྲིད་མཚུངས་མེད་སེམས་ཅན་དོན།།མྱ་ངན་མི་འདའ་བྱེད་པར
328b5 ནུས།།ཤེས་རབ་ཕ་རོལ་ཕྱིན་ཐབས་དང་།།ཡས་ཤེས་གནསུ་བསྒྲུབས་པས་ནི།།ཆོས་ཀུན་རྣམ་པར་དག་པའི་ཕྱིར།།འཁོར་བ་ཡོངསུ་དག་པར་འགྱུར།།ཆགས་ལ་སོགས་པས་འདུལ་ན་ནི།།།
328b6 འཁོར་བའི་བར་དུ་རྟག་པར་ཡང་།།འཇིག་རྟེན་སྡིག་བྱེད་སྦྱར་ཕྱིར།།འཁོར་བ་སྲིད་དུ་བདག་ཉིད་འབུལ།།ཇི་ལྟར་པདྨ་རབ་དམར་བ།།འདམ་གྱི་ཉེས་པས་མི་གོས་པས།།དེ་བཞིན་གནས
328b7 པའི་ཉེས་པ་ཡིས།།འགྲོ་ཕན་རྣམས་ལ་མི་གོསོ།།འདོད་ཆགས་ཆེན་པོ་རྣམ་པར་དག།བདེ་བ་ཆེན་པོ་ནོར་ཚེ་ལ།།ཁམས་གསུམ་དབང་ཕྱུག་ཐོས་པས་ན།།སེམས་ཅན་དོན་རྣམས་བསྟན།
iiif viewer powered by OpenSeadragon
328a - 329a