| | e-texts navigator
|
327a1 པ་གཡོན་པ་ཁ་ཊྭཱ~ཾ་ག་དང་བཅས་པས་འཇུག་པར་བྱའོ།།ཞུགས་ནས་སྙིང་པོ་བཟླ་བར་བྱའོ།།དེ་ནས་ཕྱག་རྒྱ་དང་གར་གྱི་མརྗོད་པ་བཏབ་པར་བྱའོ།།དེ་ནས་ཡིད
327a2 ལ་འདོད་པའི་དངོས་གྲུབ་ཐམས་ཅད་སྟེ་རེ་བར་འགྱུར་རོ།།ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།།མཁའ་འགྲོ་མོ་ལ་སོགས་པའི་གདོན་རྣམས་ཀྱིས་མི་ཚུགས་པ་དང་།འདི་ནི་ནོར་རྣམས
327a3 ཀྱང་བསྐྱེད་པར་འགྱུར།།ཇི་ལྟར་མངོན་པར་འདོད་པའི་ཐམས་ཅད་ཀྱིས་མཉེས་པར་བྱེད་པ་དང་།གཏེར་ཐམས་ཅད་འབྱིན་པ་དང་།དངོས་གྲུབ་ཐམས་ཅད་སྒྲུབ་ནུས་པར་འགྱུར་རོ།།སློབ
327a4 མ་གཞོག་པ་ཡང་དེ་བཞིན།།དེ་རྣམས་ཀྱང་འདི་དག་ཐམས་ཅད་འགྲུབ་པར་འགྱུ་རོ།།ལས་ཀྱི་དཀྱིལ་འཁོརརོ།།བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ
327a5 ལས་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་རྟོག་པ་རྫོགསསོ།།།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་པས་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན
327a6 པས་ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབས་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཐར་ཐུག་པ་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ
327a7 འདི་བཤ་དོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས།དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་པས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས
iiif viewer powered by OpenSeadragon
326b - 327b