| | e-texts navigator
|
326b1 དམ་པ་མིན་པ་ཡོངསུ་སྤང་།།གཞན་ལ་དེ་ཉིད་བསྟན་མི་བྱ།།རྟག་ཏུ་མིང་པོ་གསུམ་པོ་སྒྲུབ།།འདི་ནི་དམ་ཚིག་གོ།དེ་ནས་གླུ་དང་།གར་དང་།རོལ་མོ་དང་།དགོད་པ་དང་།དགའ་བ་དང་།ཟ
326b2 བ་དང་།མགུ་བས་མེ་ལ་རྩེ་བྱའོ།།ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པ་ཡང་བྱས་ལ།།སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་དང་བཅས་པས་བྱུང་བ་དང་།འབྱུང་བར་འགྱུར་བའི་ཡེ་ཤེས་བརྗོད་པར
326b3 བྱའོ།།དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དང་།ཕུན་སུམ་ཚོགས་པ་ཐམས་ཅད་དང་།འབྱོར་པ་ཐམས་ཅད་འགྲུབ་པར་འགྱུར་རོ།།དམ་ཚིག་གི་དཀྱིལ་འཁོར།།དེ་ནས་སྲིང་མོ་བཞེས་བཅོ
326b4 ལྡན་འདས་ལ་ཕྱག་འཚལ་ཏེ།རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལོ།།ཧཱུཾ་དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ།།དཀྱིལ་འཁོར་ཀུན་ནས་ཟླུམ་པར་ཐིག་བཏབ་ལ་ཐིག་བཞི་ལ་འཁོར
326b5 ལོ་བཞི་པ་བྱས་ལ།དཀྱིལ་འཁོར་དེ་རྣམསུ་སྒོ་བཞིར་ལྟ་བའི་ལྷ་མོ་བཞིའི་གཟུགས་བརྙན་བཞག་པར་བྱ་སྟེ།འདི་ལྟ་སྟེ།དགའ་བ་ནི་ཤྭར་དུ་ལྟ་བ།མདའ་དང་གཞུ་ཐོགས་པ་ལ་བརྩོན་པ།སྒེག
326b6 མུམ་མདོག་དམར་བའོ།།གསོད་མ་ལྷོ་ཕྱོགསུ་ལྟ་བ།ལག་ན་གྲི་དང་ཕུག་ཐོགས་པ།མདོག་ནག་པོའོ།།ཕག་མོ་ནུབ་ཏུ་ལྟ་བ།ལག་ན་གསེར་གྱི་གཏེར་ཐོགས་པ།གསེར་གྱི་མདོག་ཅནོ།།གྲུབ་པ
326b7 མོ།ཞིབ་མོ་ཞེས་བྱ་བ་བྱང་དུ་ལྟ་བ།ལག་ནི་གྲི་དང་།ཤ་ཀར་ཐོགས་པ།མདོག་དཀར་མོའོ།།ཕྱི་རོལ་གྱི་སྒོ་བཞིར་མཚན་མ་དགོད་པ་བཞག་པར་བྱའོ།།དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་ལག
iiif viewer powered by OpenSeadragon
326a - 327a