e-texts navigator
Collection
Volume
Page
Wylie

326a1 སྐལ་འདུག་པ་དང་།།འདི་ཀྱི་ཀྱིལ་འཁོར་གྱིས་མཛེས་པར།།དངོས་གྲུབ་ཀུན་སྦྱོར་དད་པའོ།།གསུམ་ནི་རྒོད་གསུམ་དག་དང་མཚུངས།།བྷྲཱུཾ་དང་མཚམས་ནི་ཐམས་ཅད་།།
326a2 ཚོགས་ལ་སོགས་པ་ལེགས་པར་བཞག།སྒྲུབ་དང་འཕེལ་ཆེན་གནོད་སྦྱིན་དང་།།གཏུམ་དང་ཁྲི་མཆོག་གསོད་པའོ།།ཕྱི་རོལ་བ་དན་རྩེ་མཱ་ལ།།དྲིལ་བུའི་ཕྲེང་བཙས་ཐམས་ཅད་དུ།།བུ་མ
326a3 པ་གང་ཕ་རོལ་མཆོག་བཅས།།འབྱུང་པོ་མ་ལུས་གཏོར་མར་བཅས།།ཀླུ་རྣམས་གླུ་རུ་ལེན་པ་དང་།།རོལ་མོ་རྡུང་བར་བྱེད་པ་དང་།།དེ་བཞིན་སློབ་དཔོན་གར་བྱེད་པས།།ཕྱག་རྒྱ་ཀུན་གྱིས
326a4 འཇུག་པར་བྱ།།ཞུགས་ནས་སྤུན་ལ་དད་པ་ཡིས།།ཡང་དང་ཡང་དུ་གདུད་བྱ་ཞིང་།།མེ་ཏོག་ཀུན་གྱིས་མཆོད་པ་ཡིས།།སྒྲུབ་དང་དེ་ཉིད་དག་ཀྱང་བརྗོད།།འཇིག་རྟེན་གསུམ་པོ་སྲིད་གསུམ
326a5 མཆོག།ངན་སོང་གསུམ་མཆོད་གསུམ་རྣམ་གསུམ།།ལེགས་ལྡན་སྦས་པས་གྲུབ་པ་ནི།།དངོས་གྲུབ་ཀུན་ལ་རྟག་ཏུའོ།།དེ་ནས་སྙིང་པོ་ལན་ཅིག་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་ཀྱི་གཱཡ
326a6 པའི་མཛུབ་མོ་ལྕགས་ཀྱུར་བྱས་ལྕེ་དགུག་པར་བྱའོ།།དེ་ནས་དྲིལ་བུ་དང་བཅས་པའི་ཕྲེང་བ་རྣམས་གཡཱའོ།།ཐམས་ཅད་ཕབ་ནས་དེ་བཞིན་དུ་གཞུག་པར་བྱའོ།།དེ་ནས་དམ་ཚིག་འདི
326a7 བརྗོད་པར་བྱ་སྟེ།།གལ་ཏོ་དམ་ཚིག་འདས་གྱུར་ན།།ཕ་གསོད་འགྲོ་བ་གང་ཡིན་དང་།།མ་གསོད་པ་ཡི་འགྲོ་བ་གང་།།འགྲོ་བ་དེར་ནི་འགྲོ་བར་འགྱུར།།རྟག་ཏུ་དམ་པ་བསྟེན་པར་བྱ།།




iiif viewer powered by OpenSeadragon

325b - 326b

Texts on this page

N438 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po