| | e-texts navigator
|
325b1 རྣམས་བཟའ་བར་བྱ།།སྔགས་རྣམས་བསྟན་པར་མ་བྱཱ་སྟེ།།དམ་ཚིག་རྣལ་འབྱོར་གྲུབ་སྟེར་བྱའོ།།དགྲ་བྱོའི་དམ་ཚིག་མདུང་དང་།།མ་མོ་རྣམས་དྷས་འདབས་པར།།གལ་ཏུ་འདས་ན
325b2 ཀྱི་སྙིང་།།རྟག་ཏུ་འཇིག་པར་བྱེད་པར་འགྱུརརོ།།དེ་ནས་བརྩམས་ཏེ་གང་ཤ་ཚོན་པ་ཟླ་བ་ནི་དེ་རིང་པོ་མི་ཐོགས་པར་རྣལ་འབྱོར་འགྲུབ་པར་འགྱུར།།གང་ཟ་བར་མི་འགྱུར་བ་དེའི་རྣལ་འབྱོར
325b3 མེདོ།།གལ་ཏེ་དམ་ཚིག་ལས་འདས་པར་མ་གྱུར་ན་ཚོགས་ཐམས་ཅད་ཀྱིས་ཀྱང་མི་གསོད་པར་འགྱུརརོ།།ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ།ཕྱག་རྒྱའི་གར་དང་མཆོད་པ་བྱས་ནས་གཏོར་མ
325b4 སྦྱིན་ཞིང་བཟའ་བ་དང་།བཏུང་བ་དང་།ལོང་སྤྱོད་ལ་སོགས་པས་ཚིམ་པར་བྱས་ནས་ཕྱིར་བྱུང་བར་བྱའོ།།དངོས་གྲུབ་ཐམས་ཅད་ཀྱི་དུམཆོག་ཅེས་བྱ་བའི་ཕྱག་རྒྱའི་དཀྱིལ་འཁོར།།དེ་ནས་སྦྲང
325b5 རྩོར་བྱེད་པ་ལ་སོགས་པ་མིང་པོ་གསུམ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་མགྲིན་གཅིག་ཏུ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་པུལོ།།སྭ་དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ།ཟུར
325b6 བཞི་པ་དང་སྒོ་བཞི་པར།།ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱེ།།དེ་ཡི་ནང་དུ་དཀྱིལ་འཁོར་ནི།།གཞུ་ཡི་དབྱིབས་ཅན་བྲེ་བར་བྱ།།དེ་ཡི་དབུས་མིང་པོ་ནི།།མཆོག་གསུམ་དག་ནི་བཞག་བྱ་སྟེ།།སྦྲང
325b7 བྱེད་དང་རྒྱལ་བྱེད་དང་།།དེ་ནི་ཀུན་གྲུབ་བྱེད་ཅེས་བྱ་བའོ།།གོ་ཆེ་ལ་ལང་བགོས་པ་དང་།།དེ་བཞིན་ཐོང་པོ་མཚན་མ་འཛིན།།ལྷ་ཡི་གོས་དིང་ཕྲེང་བ་འཆང་།།ཅུང་ཟད་དགོད་ཅིང་ཁྲོ་བ་དང་།།སེང་གེའི
iiif viewer powered by OpenSeadragon
325a - 326a