e-texts navigator
Collection
Volume
Page
Wylie

324b1 ཀུན་པ་ཕན་ཕྱིར་དང་།བསྟན་པ་ཐམས་ཅད་སྲུང་ཕྱིར་དང་།།འདོད་ཀུན་བདག་པོ་ཉིད་ཕྱིར་དང་།།དྲག་པོའི་ལས་ལ་གནས་པར་གྱིས།།དེ་ནས་ཕྱག་རྒྱའི་ཡེ་ཤེས་བསླབས་ཏེ་གཏོར་མ་སྦྱིན་པར
324b2 བྱའོ།།དེ་ནས་བརྩམས་ཏེ།འཇིགས་པ་མེང་པར་དངོས་གྲུབ་ཐམས་ཅད་དང་།ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་བདེ་བ་དང་།ཡིད་བདེ་བ་དང་།ཐམས་ཅད་རྗེ་སུ་མྱོང་ནས་དྲེག་པོའི
324b3 འཇིག་རྟེན་དུ་མཆོད་པར་འགྱུརརོ།།དཀྱིལ་འཁོར་ཆེན་པོ་ཞི་བའི་མདུང་ཐུང་གིས་མཚན་མ་ཞེས་བྱ་བའོ།།དེ་ནས་མ་མེ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ།དང་པོ་མགྲིན
324b4 ཅིག་ཏུ་ཐམས་ཅད་དགུག་པ་དང་།གཞུག་པ་དང་།བསད་པ་དང་།སྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ནའི་སྙིང་པོ་འདི་ཕུ་ལོ།།བྷྱོ་དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱའོ།།ཟུར
324b5 བཞི་པ།བྱང་གི་སྒོ་ཅན་གྱི་དཀྱིལ་འཁོར་ཐིག་བཏབ་ལ།དབུསུ་ནགེ་བོ་གར་བྱེད་བཞིན་པ་གཞག་པར་བྱའོ།།དེའི་ཕྱོགས་དང་མཚམས་ཐམས་ཅད་དུ་མུ་མོ་བརྒྱད་བྲི་བར་བྱའོ།།འདི་ལྟ་སྟེ།
324b6 དྲག་མོ་དང་།ཚངས་པ་མོ་དང་།ཁྱབ་འཛུབ་མོ་དང་།གཞོནུ་མ་དང་།ནག་མོ་དང་།ནག་མོ་ཆེན་མོ་དང་།ཟ་བ་མ་དང་།སྦྱིན་མོའོ།།དཀྱིལ་འཁོར་གྱི་ཕྱིའི་མཚམས་རྣམསུ་ནི་དྲུག་པོའི་མའ
324b7 འགྲོ་མ་ངན་བྲི་བར་བྱ་སྟེ།ཞིབ་མོ་དང་།བེ་རུ་ཎཱ་དང་།གཏུམ་མོ་དང་།འཇིགས་བྱེད་མ་རྣམསོ།།དེ་རྣམས་ཀྱི་མཚན་མ་ནི་མདུང་རྩེ་གསུམ་པ་དང་།ཕྲེང་བ་དང་།འཁོར་ལོ་དང་།དྲིལ




iiif viewer powered by OpenSeadragon

324a - 325a

Texts on this page

N438 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po