| | e-texts navigator
|
324a1 རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱིས་ཅ་ཅོའི་སྒྲ་ཕྱུང་ནས་ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་སྙིང་པོ་ཕུལ་ཏེ།།དེ་ནས་རྡོ་རྗེ་དབང་ཕྱུག་ཆེན་པོ་རང་གི་དེ་ཁོ་ཉིད་ཀྱི་སྙིང་པོ་འདི
324a2 ཕུལོ།།ཏྲི་དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ།ཀུན་ནས་ཟླུམ་པ་ཐིག་གསུམ་པ་དཀྱིལ་འཁོར་ཆེན་པོ་སྒོ་བཞི་པ་མཚམས་རྣམསུ་མདུང་རྩི་གསུམ་པ་བྲི་བར་བྱའོ།།དེའི་དབུས་སུ
324a3 དབང་ཕྱུག་ཆེན་པོ་བྲི་བར་བྱའོ།།དེའི་ལྡོག་སོ་ཐམས་ཅད་དུ་ཚོགས་བརྒྱད་པོ་བྲི་བར་བྱ་སྟེ།འདི་ལྟ་སྟེ།ནག་པོ་ཆེན་པོ་དང་།དགའ་བྱེད་དབང་ཕྱུག་དང་།དྲིལ་ཆེན་དང་།གང
324a4 གྱི་དབང་ཕྱུག་རྣམ་སུའོ།།མཚམ་སུ་ནི་ཐོད་པ་བཟང་པོ་དང་།གཏུམ་པོའི་དབང་ཕྱུག་དང་།ལག་ན་ཁ་ཊྭཱཾ་ག་དང་།བ་ལང་རྣ་བའི་དབང་ཕྱུག་དང་ངོ་།།ཐིག་གི་མཚམསུ་ནི་མ
324a5 མོའི་ཚེགས་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ།།སྒོ་རྣམསུ་དབྱིག་པའི་དབང་ཕྱུག་དང་།།མགོའི་དབང་ཕྱུག་དང་།དྲིལ་རྣ་བ་དང་།དྲག་པོ་ཆེན་པོའོ།།ཕྱི
324a6 རོལ་ཏུ་ནི་འབྱུང་པོ་རྣམས་དང་།ཡི་གེ་རྣམས་བྲི་བར་བྱའོ།།དེ་ནས་སློབ་དཔོན་ཐལ་བ་གཙང་མས་ལུས་བསྐུས་ཞིང་གེས་གཙང་མ་བགོས་ཏེ།མདུང་རྩེ་གསུམ་གྱིས་མཚན་མ
324a7 གཞག་པར་བྱའོ།།ཞུགས་ནས་ཀྱང་སྙིང་པོ་བཟླས་པོར་བྱའོ།།དེ་ནས་སློབ་མ་དེ་བཞིན་དུ་བཅུག་ལ་ལག་པར་མདུང་རྩེ་གསུམ་པ་བྱིན་ལ་ཆོས་བཤད་པར་བྱའོ།།སེམས་ཅན
iiif viewer powered by OpenSeadragon
323b - 324b