| | e-texts navigator
|
323b1 བྲིས་ལ།དེའི་དབུ་སུ་རྡོ་རྗེ་འཁོར་ལོ་བྲིས་ནས།འཁོར་ལོའི་གནས་རྣམསུ་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བྲི་བར་བྱའོ།།ཐམས་ཅད་ཀྱང་དཀྱིལ་འཁོར་བརྒྱད་པའི་ཐིག་གིས་བཏབ་ཅིང
323b2 སེམས་དཔའ་ཆེན་པོ་གཞག་པར་བྱའོ།།ཕྱིའི་དཀྱིལ་འཁོར་དུ་ཕྱི་རོལ་གྱི་རྡོ་རྗེ་རིགས་ཇི་ལྟར་རྗེ་སུ་འཐུན་པར་བྲི་བར་བྱའོ།།སྒོ་རྣམསུ་ནི་རིགས་རྣམ་པ་བཞིའི་མཚན་མ་རྣམས་གཞག་པར
323b3 བྱའོ།།དེ་ནས་དམ་ཚིག་ཆེན་པོའི་དྲི་ཁོ་ན་ཉིད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྒྱས་པར་བྱའོ།།དམ་ཚིག་ཆེན་པོའི་རྡོ་རྗེའི་དེ་ཁོ་ན་ཉིད་དམ་ཚིག
323b4 ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོག་སོ།།།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས
323b5 ཅད་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ
323b6 ཐམས་ཅད་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་པ།ཤེགས་པའི་སྙིང་པོ་ཅནོ།།ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་ཅདོ།།
323b7 ངག་ཐམས་ཅད་རབ་ཏུ་འབྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅནོ།སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅནོ།།དེ་ནས་ཕྱི
iiif viewer powered by OpenSeadragon
323a - 324a