| | e-texts navigator
|
323a1 ཉིད་དོ།།ཐམས་ཅད་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད།།ཐམས་ཅད་རྒྱས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད།།ཐམས་ཅད་ལས།
323a2 ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་སུ་རིག་པར་བྱའོ།།དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དང་།བྱང་ཆུབ་སྡོམས་དཔའ་ཐམས་ཅད་ཀྱི་དོན་ཡོད
323a3 པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་འཛིན་ལ་སྒོམས་པར་ཞུགས་ནས་དེ་ན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲསོ།།ཧཱུཾ་དེ་ནས་འདི
323a4 གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཐུགས་ལས་བྱུང་སྟེ།དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དེར
323a5 ཞུགས་པར་གྱུར་ཏོ།།དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ངེས་པར་བཏུད་དེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདི་གསུངསོ།།དཀྱིལ་འཁོར་ཆེན་པོ་བྲིས་ལ་དཀྱིལ
323a6 འཁོར་གྱི་གནས་བརྒྱད་དུ་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ་བ་ལྔ་སོགས་པའི་དཀྱིལ་འཁོར་སོ་སོར་གཞག།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་བྱིན་གྱིས
323a7 རློབ་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུང་སོ།།དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱེའི་དཀྱིལ་འཁོར
iiif viewer powered by OpenSeadragon
322b - 323b