e-texts navigator
Collection
Volume
Page
Wylie

322b1 བ་ལ་སོགས་པ་ཆོ་ག་རྒྱས་པ་ནི་དང་པོ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་བྱའོ།།ཕྱག་ན་རྡོ་རྗེའི་དཀྱིལ་འཁོརརོ།།སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ཏེ།།མ་བསྒྲུབས་པར་ཡང་དང་།
322b2 ཅི་ལྟ་བ་བཞིནོ།།གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱ་སོ།།སེམས་ཅན་ཐམས་ཅད་འདུལ་བ་ལ་ནི་ཁྲོ་བསེ་ཧ་ཧ་ཞེས་དགོད་ཅིང་ཟློས་པསོ།།ཉན་ཐོས་དང་རང་སངས་རྒྱས་ཀྱི་འདོད་ན
322b3 དང་བྲལ་བ་ལས་ལྷུང་བར་བྱ་བ་ལ་ནི་ཆོས་གོས་དང་།སྣམ་སྦྱར་གྱི་སྦྱིན་སྲེག་གིསོ།།དབང་བསྐུར་བ་ཐམས་ཅད་དབྲོག་པ་ལ་ནི་ཁམས་ཐམས་ཅད་ཀྱི་ཕྱི་མོའི་སྦྱིན་སྐྲག་གིསོ།།ཐམས་ཅད་རྒྱས་གདབ
322b4 པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱསོ།།ཐམས་ཅད་བཅད་པ་ལ་ནི་གཟུགས་བསྟན་བྱས་ནས་གཏུབས་པསོ།།མ་རུངས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པརོ་གཞིག་པ་ལ་ནི་རྡོ་རྗེ་བཟུང་ནས་འཇུག
322b5 པར་བྱའོ།།མཆོད་པ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ཁྲོས་ནས་བཟླས་བརྗོད་བྱའོ།།ཐམས་ཅད་སྐྲག་པར་བྱ་བ་ལ་ནི་འཇིགས་བྱེད་ཀྱི་ལྟ་བས་བལྟ་བར་བྱའོ།།བདེ་བ་ཆེན་པོ་རྡོ་རྗེ་ངན་ཡོད་པའི
322b6 དམ་ཚིག་གི་རྟོག་པའི་རྒྱལ་པོ་ལས་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ
322b7 བ་ཉིད་ལ་གནས་པས་ཡང་ཆོས་ཐམས་ཅད་ཀྱིས་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད།།ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ




iiif viewer powered by OpenSeadragon

322a - 323a

Texts on this page

N438 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po