e-texts navigator
Collection
Volume
Page
Wylie

322a1 བྱེད་ཁ་དོག་རྫོ་བ་དང་།།ཧ་ཧ་ཤེས་བཞད་གསལ་བའི་ནཱ་ལ།།དེ་ཡི་ཀུན་ཏུ་གནོད་སྦྱིན་ནི།།ཤིན་ཏུ་འཇིགས་པ་གཞག་པར་བྱ།།དེ་ཉིད་དང་པོ་ལ་སོབས་མཆོག།ཕྱག་ན་རྡོ་རྗེ་སོགས་མཚན
322a2 འཆང་།།ཕྱེ་ཡི་དཀྱིལ་འཁོར་མཚམ་སུ་ནི།།མཆེ་བའི་ཕྱག་རྒྱ་བྲི་བར་བྱ།།སྒོ་ཡི་གནས་ནི་ཐམས་ཅད་དུ།།རྡོ་རྗེའི་མཚན་མ་གཞག་པར་བྱ།།དེ་ནས་འཇུག་པ་ལ་སོགས་པ་བྱུང་སྟེ།།རྡོརྗེ
322a3 མཆེ་བའི་ཕྱོབརྦྷ་ད་དྷ།།ཧ་ཧ་ཞེས་བཞད་པ་དང་བཅས་པས།།ཐུགས་ནས་གདུག་པ་ཐམས་ཅ་འདུལ་ནུས་ཤིང་མྱུར་དུ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར།།དེ་ནས་ཞུགས་ནས
322a4 བཟུངས་ལ་རྡོ་རྗེ་མིང་གི་དབང་བསྐུར་ལ་རྡོ་རྗེས་རྡོ་རྗེ་གནོད་སྦྱིན་ཉིད་བསྐུར།།དེ་ནི་ས་རྗེ་གནོད་སྦྱིན་རྗེ་ཀཱ་ལེ་ནས་ཧ~ཾ་ཧོཾགས་བྱེ་བའི་སྐུ་འབྱུང་བར་འགྱུར།།དེ་ནས་བཅོམ་ལྡན་འདས་དེ་བཞིན
322a5 གཤེགས་པ་ཐམས་ཅད་སྲུང་བཔོ་གནོད་སྦྱིན་གྱི་བདུག་པོ་བྷག་ན་རྡོ་རྗེ་གདུམ་པོར་བདག་གྲུབ་པ་ཡིན།།ཞེས་ཤེས་པར་བྱ།།དེ་ནས་ཕྱག་རྒྱ་ཐམས་ཅི་བཅིང་བ་བྱེ་ཞིང་བསྒྲུབ་པར
322a6 བྱའོ།།དེ་ནས་མཆོད་པ་ལ་དེ་བཞིན་དུ་ཡང་དག་པར་ཚིམ་པར་བྱས་ནས།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ་འདི་ལན་ཅིག་བརྗོད་ལ་སློར་དབྱུང་བར་བྱའོ།།དེ་བཞིན་དུ་ཕྱག་རྒྱ་བཅིང




iiif viewer powered by OpenSeadragon

321b - 322b

Texts on this page

N438 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po