| | e-texts navigator
|
321a1 དབང་བསྐུར་ནས་མཆོད་པ་རྣམ་པ་བཞི་བྱ་སྟེ།འདི་ལྟ་སྟེ།ལུས་ཀྱི་ལས་རྣམས་ཅད་དང་།ཕྱག་བྱ་བ་དང་།དྲུག་དང་།ཡིད་དང་།སེམས་ཀྱིས་ཆོས་ཀྱི་དབྱིངསུ་སྤྱོས་པས
321a2 མཆོད་པའི་ཆོ་ག་རྒྱས་པ་ཐམས་ཅད་ཀྱིས་མཆོད་པར་བྱ་ཞིང་།རྡོ་རྗེ་དང་ཕྱག་རྒྱས་མཆོད་པ་གཅིག་ཏུ་བྱས་པའོ།།སློབ་མ་རྣམས་ཀྱི་གཞུག་པའི་ལས་ཀྱང་དེ་བཞིནོ།།ལས་ཀྱི་དཀྱིལ་འཁོར།།དེ
321a3 ནས་སྒྲུབ་པ་དང་།དངོས་གྲུབ་དག་ཀྱང་དེ་བཞི་ནོ།།དེ་ནས་མ་བསྒྲུབས་པར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ལ་ནི་རང་གི་སྙིང་ཁར་རྡོ་རྗེ་བསྒོམས་པསོ།།ཏིང་འཛིན་གྱི་མཆོད་པ་ལ་ནི་ཐམས
321a4 ཅད་དག་པར་བསྒོམས་པསོ།།དབང་བསྐུར་བའི་མཆོད་པ་ལ་ནི་རྡོ་རྗེ་དཔར་བསྐུར་བ་སྣ་ཚོགས་ཀྱིསོ།།ཕྱག་རྒྱའི་མཆོད་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་ཀྱིསོ།།སྟོང་པ་ཉིད་ཀྱི་མཆོད་པ་ནི།
321a5 ཨ་ལ་སོགས་པའི་ཡི་གེ་ལུང་བསྟན་པས།།དཀྱིལ་འཁོར་གྱི་མཆོད་པ་ལ་ནི་འཁོར་ལོ་སྣ་ཚོགས་ཀྱིསོ།།མཆོད་པ་ཐམས་ཅད་ལ་ནི་སྣ་ཚོགས་རྡོ་རྗེསོ།།གདུག་པ་འདུལ་བའི་མཆོད་པ་ལ
321a6 ནི་ཁྲོ་བོསོ།།མེ་ཏོག་ལ་སོགས་པ་དོར་བ་ལ་ནི་བཟླས་པསོ།།བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་སྣ་ཚོགས་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི
321a7 རྟོག་པའི་རྒྱལ་པོ་ཆེན་པོ་རྫོག་སོ།།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུག་པ་ཐམས་ཅད་འདུལ་ནུས་པས་ཡང་ཡེ་ཤེས་ཀྱི་ཁུ་ཚུར་ཡོངསུ་འཛིན་པ
iiif viewer powered by OpenSeadragon
320b - 321b