| | e-texts navigator
|
320b1 ལྡན་འདས་ན་མཁའི་མཛོད་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཞུག་སོ།།དེ་ནས་བྱང་ཆུབ་སེམས་དཔའ་ན་མཁའི་མཛོད་མཆོད་པ་ཐམས་ཅད་ཀྱི་ཆག་རྒྱས་པ་བྱིན
320b2 གྱིས་རློབ་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེའི་མཆོད་པའི་མཆོག་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུང་སོ།།ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན་དུ་ནང་དུ་རིན
320b3 ཆའི་ཀ་བ་བརྒྱད་བྱས་ལ།དབུསུ་བཅོམ་ལྡན་འདས་མཚོན་ཆ་སྣ་ཚོགས་འཛིན་པ།ཞལ་འཛུམ་པ།སྐུ་དང་ཡན་ལག་ཟླ་བའི་མདོག་ལ་སོགས་པའི་ཁ་དོག་ལྔ་པའི་མདོག་ཅན་གཞག་པར་བྱའོ།།དེའི
320b4 ཕྱོགས་ཐམས་ཅད་དུ་དམ་ཚིག་སེམས་དཔའ་རྣམས་གཞག་པར་བྱའོ།།འདི་ལྟ་སྟེ།ཕྱག་ན་རྡོ་རྗེ་དང་།འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་པོ།བྱང་ཆུབ་ཀྱི་སེམས་དང
320b5 ཏིང་འཛིན་དང་།དབང་བསྐུར་བ་དང་།ཕྱག་རྒྱ་ཡོངསུ་འཛིན་པ་དང་།སྟོང་པ་ཉིད་སྨྲ་བ་དང་།དཀྱིལ་འཁོར་འདྲི་བ་དང་།མཆོད་པ་ཐམས་ཅད་དང་།སེམས་ཅན་རྣམས་ཡོངསུ་སྐྱོབ་པ་ནི་བླ་ན་མེད
320b6 པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་ན་འཛིན་པའི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་གཞག་གི།ཕྱིའི་མཚམས་རྣམས་ནི་མེ་ཏོག་ལ་སོགས་པ་རྣམས་དང་།སྒོ་རྣམསུ་ནི་དབྱིག་དང་།གསོར་དང་།མུ་ཏྲུག
320b7 དང་།རིན་པོ་ཆེ་སྟེ་མཚན་མ་བཞི་བཞག་པར་བྱའོ།།དེ་ནས་དེ་བཞིན་དུ་རྡོ་རྗེ་ཐམས་ཅད་ཀྱིས་མཆོད་པ་ཐམས་ཅད་འཐོབ་པར་འགྱུརརོ།།ཞུགས་ནས་སྣ་ཚོགས་རྡོ་རྗེ་བླངས་ལ།སྣ་ཚོགས་རྡོ་རྗེའི་མིང
iiif viewer powered by OpenSeadragon
320a - 321a