| | e-texts navigator
|
320a1 རྟོག་པའི་རྒྱལ་བ་ཆེན་པོ་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་རྟོག་པའི་རྒྱལ་པོ་ཆེན་པོ་ཛྙཱག་སོ།།།དེ་ནས་བཅོམ་ལྡན་འདས
320a2 དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་སྣོད་ཀྱིས་མཆོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད།།བྱང་ཆུབ་ཀྱི
320a3 སེམས་བསྐྱེད་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ།།སེམས་ཅན་གྱི་ཁམས་ཐམས་ཅད་ཡོངསུ་སྐྱོབ་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད
320a4 པའི་ཆོ་ག་རྒྱས་པའོ།།དམ་པའི་ཆོས་ཡོངསུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་།ཡི་གེར་འདྲིར
320a5 འཇུག་པ་དང་།འཛིན་པ་དང་།ཀློག་པ་དང་།བརྗོད་པ་དང་།སྟོན་པ་དང་།ཉན་པ་དང་།སེམས་པ་དང་།སྒོམ་པ་དང་།མཆོད་པ་བྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི
320a6 ཆོ་ག་རྒྱས་པའོ།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་མཛོད་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ།བཞིན་རབ་ཏུ་འཛུམ་ཞིང་ལས་ཐམས་ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ
320a7 པའི་སྙིང་པོ་འདི་སྨྲས།།ོཾ་དེ་ནས་འདི་གསུངས་པ་ཙམ་གྱིས་ན་མཁའ་ཐམས་ཅད་ལས་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ།ན་མཁའི་ཁམས་མ་ལུས་པར་སྤྲོས་པར་གྱུར་ནས།བཅོམ
iiif viewer powered by OpenSeadragon
319b - 320b