e-texts navigator
Collection
Volume
Page
Wylie

319b1 པར་བྱ་སྟེ།འདི་ལྟ་སྟེ།རྡོ་རྗེ་སེམས་དཔའི་སྐུ་དང་།རྡོ་རྗེ་ཁྲོ་བོའི་སྐུ་དང་།སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་དང་།ན་མཁའི་སྙིང་པོའི་གླུ་རྣམ་སོ།།དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་ལྟ་བ
319b2 བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས་ཉིད་དང་།རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པར་འགྱུར།།དེ་ནས་འཁོར་ལོ་བླངས་ལ་འཁོར་ལོའི་མིང་གི་དབང་བསྐུར་བ་ནི་གསང་བའི་དཀྱིལ་འཁོར
319b3 བཞི་ཐིག་བཏབ་པའི་རིགས་རྣམསུ་འཇུག་པར་བྱའོ།།སློབ་མ་གཞུག་པ་ཡང་དེ་བཞིན་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར།།སྒྲུབ་པ་ཡང་དེ་བཞིན་ནོ།།མ་བསྒྲུབས་པར་ཡང་དཀྱིལ་འཁོར་ཐམས
319b4 ཅད་དུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་གཏེར་རང་གི་ཁར་བཅུག་ལ་བཞག་པར་བྱའོ།།དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་ཆེན་པོསོ།།དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་དུ
319b5 འཇུག་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ཕྱག་རྒྱསོ།།དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དམ་ཚིག་ཆེན་པོའི་འཁོར་ལ་སོ།།ལས་ཀྱི་དཀྱིལ་འཁོར
319b6 དུ་འཇུག་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་འཁོར་ལོ་སོ།།དེ་བཞིན་དུ་རྗེ་སུ་ཆགས་པར་བྱ་བ་དང་།དབང་དུ་བྱ་བ་དང་།དོན་ཐོབ་པ་དང་།རྒྱས་གདབ་པ་དང་།བཅད་པ་དང་།འཇུག་པ་དང
319b7 མཚད་པ་དང་།གདུག་པ་འདུལ་བའི་ལས་རྣམས་ལ་ནི་སེམས་དཔའ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱ་གཡོན་ན་འཁོར་ལོ་དང་བྱས་པ་རྣམས་ཀྱི་སོ།།བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ས




iiif viewer powered by OpenSeadragon

319a - 320a

Texts on this page

N438 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po