| | e-texts navigator
|
319a1 །དའ་སརས་བསྒྱུང་མ་དཀྴ་ཎྜ་རྒྱས་ལ་བརྣལ་བསྐུར་བཅོས་ཉིད་ཀྱིངན་།མྱུར་ཏན་ཅིང་བཞིན་རབ་ཏུ་འདུམ་ནས་དུ་རྟུལ་འསྐོར་ཤིང་དུརྫ་འདུནལ
319a2 ཐམས་ཅད་ལ་འཇུག་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲ་སོ།།ཧཱུཾ་དེ་ནས་འདི་གསུངས་པ་ཙམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཅན་ཁམས་གསུམ་ཏུ་གཏོགས
319a3 པའི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ནས་བཅོམ་ལྡན་འདས་ཀྱི་ཐུགས་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་རྣམས་ངེས་པར་བྱུང་ནས
319a4 དཀྱིལ་འཁོར་ཀྱེ་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་བཞུགས།།དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁྲོ་བོ་འཁོར་ལོ་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི
319a5 ཏི་འཛིན་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་འཇུག་པའི་དམ་ཚིག་ཅེས་བྱ་བའི་འཁོར་ལོའི་དཀྱིལ་འཁོར་འདི་གསུང་སོ།།ཕྱིའི་དཀྱིལ་འཁོར་ཇི་ལྟ་བ
319a6 བཞིན་དུ་བྱས་ཏེ།ནང་གི་དཀྱིལ་འཁོར་དུ་རྡོ་རྗེ་འཁོར་ལོ་བྲིས་ལ།དབུསུ་རྡོ་རྗེའི་འཁོར་ལོ་བསྐུར་བ་བཞག་པར་བྱའོ།།ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས
319a7 ཅད་རྣམ་པ་ཐམས་ཅད་དུ་དཀྱིལ་འཁོར་དང་པོའི་ཚུལ་དུ་གཞག་པར་བྱའོ།།ཕྱིའི་མཚམས་རྣམསུ་རྡོ་རྗེའི་རིག་ཀྱི་དཀྱིལ་འཁོར་བཞི་བྲི་བར་བྱའོ།།སྒོ་རྣམསུ་མཚན་མ་བཞི་གཞག
iiif viewer powered by OpenSeadragon
318b - 319b