| | e-texts navigator
|
318b1 དབསྣམས་པསོ།།རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་ཡེ་ཤེས་འཐོབ་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པསྔོ།།ཉོན་མོངས་པ་ཐམས་ཅད་གཅོད་པ་ལ་ནི་ནོས་བསྒོམས
318b2 པས།།ཡ་གེ་ཐམས་ཅད་བྱི་ངས་པའི་ཚིག་གི་ཡེ་ཤེས་ལ་ནི་སྤྲོས་པ་མེད་པའི་ཡེ་ཤེས་བསྒོམས་པའོ།།གནས་ཐམས་ཅད་དུ་ཡི་གེས་ཆོས་ཀྱི་བྱ་བ་མཐོང་བ་ལཱ་ནི། ལཱ་སོགས་པའི་ཡི་གེའི
318b3 དེ་ཉིད་བསྒོམས་པསོ།།དེ་བཞིན་གཟུགས་པ་ཐམས་ཅད་ནི་བྱང་ཆུབ་པ་ཐོབ་པ་ལཱ་ནཱ~ཾ་རྡོ་རྗེ་རལ་གྲིའི་ཕྱག་རྒྱས།།བ་དེ་བེ་རྐྱེན་པ་རྗེ་ན་ཡོད་པའི་དམ་ཚིག་རྟོག་པའི་རྒྱལ་པོ་ལས་འའི
318b4 ལོ་ཆེན་པོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོག་སོ།།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི
318b5 ནང་དུ་འདུས་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བེ་ཤྭ་།།རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ནི་དེ་བཞིན་གཤེག
318b6 པ་ཐམས་ཅད་ཀྱི་འཁོར་ལོ་ལ་འཇུག་པར་འགྱུརརོ།།དོན་མི་མཉམ་པ་ཉིད་ལ་འཇུག་པ་ནི་བྱང་ཆུབ་སེམས་དྲཔའི་སེམས་དཔའ་ཆེན་པོའི་འཁོར་ལོ་འཇུག་པར་འགྱུརོ།།ཆོས་ཐམས་ཅད
318b7 མཉམ་པ་ཉིད་ལ་འཇུག་པ་ནི་དམ་པའི་ཆོས་ཀྱི་འཁོར་ལེ་ལ་འཇུག་པར་འགྱུརརོ།།ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་འཁོར་ལོ་ཐམས་ཅད་ལ་འཇུག་པར་འགྱུརརོ།།དེ་ནས་བྱང་ཆུབ་སེམས
iiif viewer powered by OpenSeadragon
318a - 319a