| | e-texts navigator
|
316b1 ངེས་པར་འཆིར་བའི་ཁུ་ཚུར་གྱིས།།ཐམས་ཅད་བྲལ་བ་ལ་ན་རྡོ་རྗེ་དྲལ་བའི་ཁུ་ཚུན་གྱིསོ།།ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁུ་ཚུར་གྱིས།།ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་རྗེ
316b2 རྗེ་གར་གྱི་ཁུ་ཚུར་གྱིས།ཐམས་ཅད་སྨྲར་གཞུག་པ་ལ་ནི་རྡོ་རྗེ་བརྡུང་བའི་ཁུ་ཚུར་གྱིས།ཐམས་ཅད་རེངས་པར་བྱ་བ་ལ་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་གྱིསོ།།གཞན་གྱི་དཔུང་ཐམས་ཅད་ལྐུགས
316b3 པ་དང་།འཕྱེ་བོར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོའི་ཕྱེ་བའི་ཁུ་ཚུར་གྱིསོ།།ཕྱག་རྒྱས་ཐམས་ཅད་དགྲོལ་བ་ལ་ནི་རྡོ་རྗེ་ཐར་པའི་ཁུ་ཚུར་གྱིས།།རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་ཧཱུཾ
316b4 མཛད་ཀྱི་རྡོ་རྗེ་ཁུ་ཚུར་གྱིསོ།།གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བ་ལ་ནི་ཧཱུཾ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་གྱིསོ།།ཕྱག་རྒྱ་ཐམས་ཅད་བཅིངས་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིསོ།།ཕྱག་རྒྱ་ཐམས་ཅད་རྡོ་རྗེར་བྱ་བ་ལི་ནཱཾ།
316b5 །རྡོ་རྗེ་ཁུ་ཚུར་གྱིསོ།།ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་མ་མོའི་ཁུ་ཚུར་གྱིསོ།།ཐམས་ཅད་ཕྱེ་མར་བྱ་བ་ལ་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་གྱིསོ།།ཐམས་ཅད་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་གདུག་པའི
316b6 ཁུ་ཚུར་གྱིསོ།།ཐམས་ཅད་གཞིག་པ་དང་།རྣམ་པར་གཞོམ་པ་ལ་ནི་དབང་པོའི་རྡོ་རྗེ་ཁུ་ཚུར་གྱིས།།ཆུའི་ནང་དུ་གནས་ཤིང་འཆགས་པ་ལ་ནི་རྡོ་རྗེ་གནོན་པའི་ཁུ་ཚུར་གྱིསོ།།གཟུགས་མང
316b7 པར་སྟོན་པ་ལ་ནི་རྡོ་རྗེ་སྣ་ཚོགས་པ་རྡོ་རྗེའི་ཁུ་ཚུར་གྱིསོ།།མི་སྣང་བའི་དངོས་གྲུབ་ལ་ནི་མི་སྣང་བའི་རྡོ་རྗེ་ཁུ་ཚུར་གྱི་སོ།།རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་འབྱུང་བ་ལ་ནི་ན་མཁའི་ཁུ་ཚུར་གྱིས།།
iiif viewer powered by OpenSeadragon
316a - 317a