e-texts navigator
Collection
Volume
Page
Wylie

316a1 ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།།དེར་ཞུགས་ནས་ཕྱག་རྒྱ་བཅིང་བ་བཅོམ་ལྡན་འདས་ལ་བསླབ་པ་བྱ་ཞིང
316a2 རྡོ་རྗེ་མེང་གི་དབང་བསྐུར་བས་བསྐུར་ལ་འདི་སྐད་བརྗོད་པར་བྱའོ།།སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།།གཟུགས་བརྙན་ལྟ་བུར་སྦྱོར་བ་ཡིས།།ཕྱག་རྒྱ་ཀུན་ཞེས་བྱ་བར་བསྒྲགས།།དམ་ཆོག་དངས
316a3 གྲུབ་ཀུན་སྟེར་བའོ།།སློབ་མ་གཞུག་པ་ཡང་དེ་བཞིནོ།།ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ།།སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན།།དེ་ནས་མ་བསྒྲུབས་པའི་ལས་རྣམས་ཀྱང་དེ
316a4 བཞིན།།ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པ་ལ་ནི་སྙིང་ཁར་རྡོ་རྗེའི་ཁུ་ཚུར་གྱི་སོ།།ཕྱག་རྒྱ་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཁུ་ཚུར་གྱིས།།དམ་ཚིག་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་འདོད
316a5 པའི་ཁུ་ཚུར་གྱིསོ།།སེམས་ཅན་རྗེ་སུ་ཚོགས་པར་བྱ་བ་ལ་ནི་ཆགས་པ་ཆེན་པོའི་ཁུ་ཚུར་གྱིསོ།།ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་བཞད་པའི་ཁུ་ཚུར་གྱི་སོ།།ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ
316a6 བསྡམས་པའི་ཁུ་ཚུར་གྱིསོ།ཐམས་ཅད་བསྡམ་པར་བྱ་བ་ལ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་གྱིས།།ཐམས་ཅད་ལྐུགས་པར་བྱ་བ་ལ་ནི་རྡོ་རྗེ་ཞལ་ཞལ་གྱི་ཁུ་ཚུར་གྱིསོ།།ཐམས་ཅད་བཅར
316a7 བ་ལ་ནི་རྡོ་རྗེ་བསྡམ་པའི་ཁུ་ཚུར་གྱིསོ།།ཐམས་ཅད་བསོད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིསོ།།ཐམས་ཅད་བཟའ་བ་ལ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཁུ་ཚུར་གྱིསོ།།ཐམས་ཅད་གཞག་པ་ལ་ནི་རྡོ་རྗེ




iiif viewer powered by OpenSeadragon

315b - 316b

Texts on this page

N438 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po