e-texts navigator
Collection
Volume
Page
Wylie

315b1 གྱུར་ཏེ།དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་དེ་བཞིན་གྲཝ་ཤུགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་ཕྱག་རྒྱ
315b2 ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུང་སོ།།ཕྱིའི་དཀྱིལ་འཁོར་དང་པོའི་སྦྱོར་བས་བྲིས་ལ་ནང་དུ་རྡོ་རྗེའི་ཐིག་གི་འཁོར་ལོ་བྲིའོ།།དེ་བཞིན་དུ་དེའི་དབུ་སུ་དཀྱིལ
315b3 འཁར་བརྒྱད་པར་ཐེག་བཏབ་ལ།དབུས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཕྱག་གཉིས་དམ་ཚིག་གི་ཕྱག་རྒྱ་བཅིངས་པཞལ་རྣམ་པར་བཞད་པ་གཞག།དེའི་མདུན་དུ་རྡོ་རྗེ་སྐུའི་མཆོག་ཅེས་བྱ་བཛྲ
315b4 རྗེ་བསྙེམས་པར་འཛིན་པའོ།།གཡ་སུ་རྡོ་རྗེ་ལྗགས་ཞེས་བྱ་བ་རྡོ་རྗེ་ལྔའི་མཆོག་འཛིན་པའོ།།རྒྱབ་ཏུ་ཏིང་འཛིན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་འཛིན་པའོ།།གཡན་དུ་རྡོ་རྗེ་རྡོ་རྗེ་ཞེས་བྱ་བ་བ་སྙེམས་པར་འཛིན་པར
315b5 ཤར་ལྷོའི་མཚམ་སུ་ཕྱག་རྒྱའི་ཁུ་ཚུར་ཞེས་བྱ་བ་དང་།གཉིས་པ་ལ་ནི་ནོར་གྱི་ཁུ་ཚུར་ཞེས་བྱ་བ་དང་།སུམ་པ་ལ་ནི་ཆོས་ཀྱི་ཁུ་ཚུར་ཞེས་བྱ་བ་དང་།བཞི་པ་ལ་ནི་ལས་ཀྱི་ཁུ་ཚུར་ཞེས་བྱ་བ་དང
315b6 རང་གི་ཕྱག་རྒྱ་དང་ཕྱག་མཚན་ཡང་འཛིན་པར་བྱའོ།།སྒོ་རྣམསུ་ནི་རྡོ་རྗེ་བསྙེམས་མ་ལ་སོགས་པའི་ཕྱག་རྒྱའི་ལྷ་མོ་རྣམས་བྲི་བར་བྱའོ།།དེ་ནས་དམ་ཚིག་གི་ཕྱག་རྒྱ་ཡོངསུ་བཟུང་ལ་རང་ཉིད
315b7 ཞུགས་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སློབ་དཔོན་ཏུ་འགྱུརརོ།།དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དོན་ཡོད་པར་འཐོབ་པར་འགྱུརརོ།ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་ཏུ་བླ་ན་མེད་པ




iiif viewer powered by OpenSeadragon

315a - 316a

Texts on this page

N438 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po