e-texts navigator
Collection
Volume
Page
Wylie

206b1 རྡོརྗེ་སྡེ་སྟེ་ཆོས་མཆོག་འཛིན།།རྡོ་རྗེ་རྒྱལ་མཚན་ཤིན་ཏུ་ནོ།།རྡོ་རྗེ་འཁོར་ལོ་བཟླས་པ་ཆེ།།ལས་ཀྱྀ་རྡོ་རྗེ་རྡོ་རྗེ་ཆེ།།རྡོ་རྗེ་གནོད་སྦྱིན་འཇིགས་ཆེན་པོ།།རྡོ་རྗེ་ཕྱག་རྒྱ་སྒྲ་ཆེན་པོ།།རྡོ་རྗེ་ཁུ་ཚུར་བརྟན་པཿ།
206b2 །རྡོརྗེ་འབར་བ་རྡོ་རྗེ་ཆེ།།ལས་ཆེན་པོ་སྟེ་མདའ་ཆེན་པོ།།རྡོ་རྗེ་ལེགས་པ་དགའ་བ་ཆེ།།རྡོ་རྗེ་རྒྱན་ནི་འཕྲོག་བྱེད་པ།།རྡོ་རྗེ་འོད་དེ་རྒྱལ་མཚན་ཆེ།།རྡོ་རྗེ་ཚམས་ནི་རིབོ་དགའ་བ།།རྡོ་རྗེ་པདྨ་ཤིན་ཏུ་གཅོད
206b3 རྡོ་རྗེ་དཀྱིལ་འཁོར་རྡོ་རྗེ་རིག།རྡོ་རྗེ་ལྗགས་ཏེ་སྣ་ཚོགས་ཆེ།།སྣ་ཚོགས་མཚོན་ཆེན་སྐྱེ་དགུ་མངའ།།གོ་ཆ་ཆེན་པོ་རྡོ་རྗེ་སྐུ།།རྡོ་རྗེ་མཆེ་བ་འཇིགས་བྱེད་པ།།རྡོ་རྗེ་བསྡམས་པ་རྡོ་རྗེ་ཆེ།།རྡོ་རྗེ་ཁྲོ
206b4 བོ་གཞུ་ཆེན་པོ།།རྡོ་རྗེ་ལྕགས་ཀྱུ་མཛོད་ཆེན་པོ།།ཞགས་པ་ཆེན་པོ་དབང་ཆེན་པོ།།རྡོ་རྗེ་ལྕགས་སྒྲོགས་འབེབས་པ་ཆེ།།རྡོ་རྗེ་དབབ་པ་འཇིགས་བྱེད་པ།།ཡི་གེ་ཛ་སྟེ་ཡི་གེ་ཧཱུཾ།།ཡི་གེ་ཧཱུཾ།
206b5 ནཱིནི་དམ་དུ་འཆིང་།།ཡི་གཾ་ཧོཿསྟེ་ཡི་གེ་ཧཿརྡོ་རྗེ་ཕྱག་རྒྱ་དྲེགས་པ་མཆོག།རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ།།ལྕགས་ཀྱུ་བསྡིགས་མེད་རྡོ་རྗེ་ཁྲོ།།རྡོ་རྗེ་བདུད་སྡེ་བདུད་ཀྱི་མཆོག།བདུད་ཀྱི་བདུད།
206b6 ནི་རབ་འཇོམས་པ།།རྡོ་རྗེ་དགའ་བཞི་པ་ཆེ།།རྡོ་རྗེ་དཀའ་ཐུབ་ཤིས་མཛད་པ།།རྡོ་རྗེ་དྲག་པོ་ཤིན་ཏུ་འདུག།རྡོ་རྗེ་རང་དབང་རྡོ་རྗེ་མཛད།།རྡོ་རྗེ་འདོད་པ་ཁྲོ་བོ་ཆེ།།རྡོ་རྗེ་སྒྲ་སྐྱེ་སྒྲ་ཆེན་པོ།།སརྦྦ
206b7 རྒྱས་ཧཱུཾ་མཛད་ཡི་གེ་ཧཱུཾ།།ཡི་གེ་ཕཊ་སོགས་དང་མཉམ་པ།།ཡི་གེ་ཕཊ་ནི་འབར་བའི་བཀའ།།ཡི་གེ་སྭཱ་ཧཱ་རང་བདག་མེད།།གཙོ་བ་བསོད་དང་སློབ་མཛད་པ།།དྲི་མེད་སྐྲག་དང་དབུགྲ།




iiif viewer powered by OpenSeadragon

206a - 207a

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo