e-texts navigator
Collection
Volume
Page
Wylie

205b1 ཕྱོག་ཆེ།།དཔལ་ལྡན་འཇིག་རྟེན་རྣལ་འབྱོར་ལྡན།།དབབ་པ་བརྟན་པའི་ཚོགས་གྱུར་པ།།སྨྲ་བ་ལས་བྱུང་རྒྱལ་བ་ཆེ།།སངས་རྒྱས་རྣལ་འབྱོར་འཇུག་པར་བྱ།།ཱ་རཏྣ་ཀོ་ཏ་མ་ཧཱུརྱ་ཡོ་དྷརྱ
205b2 བོར་ཏེ་དྷ་མ་ནི།།དེ་ནས་སྦྱོར་བ་འདི་ཡིས་ནི།།རྡོ་རྗེ་འཁོར་ལོ་བཞུགས་པར་བྱ།།ཧ་ཧ་ཧེ་ཧ་ག་སང་ཆེན་པོའོ།།རྩེ་གསུམ་རལ་པོ་གསུམ་འཛིན་པ།།རྒྱལ་ཆེན་གཟི་བརྗིད་ཆེན་པོའི་དོན།
205b3 རྗེ་ཐིག་གིས་ཡོངསུ་བསྐོར།།སློབ་དཔོན་ཆེན་པོས་བལྟ་བྱས་ནས།།ཡི་གོ་རབ་ཏུ་བརྗོད་པར་བྱ།།རྡོ་རྗེའི་དཀྱིལ་འཁོར་འཁོར་ལོ་ཡིས།།རྡོ་རྗེའི་འཁོར་ལོ་ཀུན་ཏུ་སྤྲོ།། ཨཱའི་རྣ་ལྷོར
205b4 ཡང་དག་གཟུང་།།ི་ཨཱི་དབང་ཕྱུག་ཆེན་པོའི་འོད།།ུ་ཨཱུ་རྣོན་པོ་འཆང་བ་སྟེ།།ེ་ཨཻ་སྒྲ་དབྱངས་རབ་བསྐུལ་བ།།ེ་ཨཽ་སྐྱབས་བྱེད་རྩིབས་ཆེན་པོ།།ཾ་ཨཱཿཤེས་རབ་སྟོན།
205b5 བཟང་བ།།རྡོ་རྗེ་ལྕགས་ཀྱུ་འདི་ཡིས་ཀྱང་།།རྡོ་རྗེ་འཆང་ནི་བསྐུལ་བར་བྱ།།ཇི་ལྟར་འཁོར་ལོ་ཇི་ལྟར་རིགས།།ཇི་འོས་ཇི་ལྟར་རྡོ་རྗེའི་ཚོགས།།དེ་བཞིན་འཁོར་ལོ་ཡོངསུ་དགོད།།རྡོ་རྗེ་སྒོ
205b6 དཔོན་དཀའ་ཐུབ་ཆེ།།སྐལ་པ་ཆེན་པོ་གསང་བ་འདི།།རྡོ་རྗེ་འཁོར་ལོ་ཡང་དག་སྦྱོར།།རྣམ་འཕྲུལ་དེ་ནི་རབ་ཏུ་བསྐོར།།འཁོར་ལོ་དཔ་པ་དང་གཞུགས་པ་དང་།ཆོ་ག་ཇི་བཞིན་འཇུག་པ
205b7 བྱ།།རྡོ་རྗེ་དབྱིངས་སོགས་དཀྱིལ་འཁོར་དུ།།རྒྱས་པར་ཇི་ལྟར་བསྟན་པ་བཞིན།།རིགས་ཀྱི་དཀྱིལ་འཁོར་འཁོར་ལོ་དང་།།འཁོར་ལོ་དཀྱིལ་འཁོར་དང་ལྡན་པ།།འཁོར་ལོའི་གནས




iiif viewer powered by OpenSeadragon

205a - 206a

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo