e-texts navigator
Collection
Volume
Page
Wylie

205a1 བསླབ་བྱའི་ཕྱིར།།ཤེས་རབ་ཅན་གྱིས་དཀྱིལ་འཁོར་བསླབ།།ེ་མའོ་ཀྱིལ་འཁོར་སྦྱར་དུ་ཡིས།།གསང་བའི་དཀྱིལ་འཁོར་ཀུན་བསྡུས་པ།།རྡོ་རྗེ་དབྱིངས་སོགས
205a2 སྦྱོར་བ་ཡིས།།མཁས་པས་ཡང་དག་བྲི་ཞིང་དགོད།།གྲུ་བཞི་མཉམ་པའི་རིམ་པ་ནི།།དེ་ཉིད་ཀྱི་ནི་ནི་འདུ་བྱ།།དཀྱིལ་འཁོར་གྱི་ནི་དབུས་ཀྱི་ཆར།།སངས་རྒྱས་གཟུགས་ནི་དགོད་པར་བྱ།།
205a3 དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ།།ཅི་རིགས་པར་ནི་ཡང་དག་བྲི།།ངོས་བཞིའི་རང་བཞིན་དཀྱིལ་འཁོར་ལ།།ཡིག་སུམ་ཅུ་རྩ་དྲུག་དགོདྲ།།སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ།།ཡིག
205a4 བཅུ་དྲུག་ཡང་དག་བྲི།།ཡི་གེ་བཅུ་དྲུག་རྒྱལ་པོ་ནི།།ཕྱག་རྒྱའི་ཚོགས་དང་འོད་བཅས་པ།།དཀྱིལ་འཁོར་ཆེན་པོའི་ལེགས་བཞི་།།ཡི་གེ་རྣམས་ནི་ཡང་དག་ཟོ།།ཡི་གེ་སུམ་ཅུ་སུམ
205a5 ཙུཅུནི།ཕྱོགས་རྣམས་ཀུན་ཏུ་དགོད་པར་བྱ།།སངས་རྒྱས་ཐུགས་ཀའི་དབུས་ནི།།ཡི་ག་ཧཱུཾ་ནི་སྦྱར་བར་བྱ།།གང་ཞིག་སྦྱོར་བའི་མིང་ཅན་གྱི།།སངས་རྒྱས་དབུསུ་དགོད་པར་བྱ།།
205a6 རྡོ་རྗེ་ཡི་འི་རབ་སྦྱོར་བྱེད།།ཤེས་རབ་ཅན་གྱི་ཡི་གེ་རྣམས།།རྡོ་རྗེའི་རིག་པ་འཛིན་པ་ཡིས།།དངོས་རྡོ་རྗེ་རྡོ་རྗེ་བཞི།།ཤར་དུ་ཡི་གེ་སུམ་ཅུ་བྲི།།ཡི་ག་སུམ་ཅུང་བཞིན་ལྟར།།སུམ་ཅུ
205a7 བྱེང་གི་ཕྱོགས་ཀྱི་།།ནུབ་ཏུ་སུམ་ཅུ་སྦྱར་བར་བྱ།།ཡི་གེ་བཅུ་དྲུག་ཡང་དག་སྦྱོར།།དབུས་སངས་རྒྱས་བཞི་ལྡན་བྱ།།རྡོ་རྗེ་རྣལ་འབྱོར་རྣལ་འབྱོར་ཆེ།།རྡུལ་འབྱོར་དབང་དྲུག




iiif viewer powered by OpenSeadragon

204b - 205b

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo