| | e-texts navigator
|
204b1 མནྟམྦྷཥྚརདྷ་པྲདྡྷོ་ནཱ་ཛཱཀྵ་ཡ་ཙྪིན་ཧཱུ~ཾ་ཧཱ།།།དེ་བཞིན་གཤེགས་པའི་གས་དཔའདི།།མདོ་སྡེ་བས་དབང་ལས་གསུངས་པས།།ཆོས་དབྱིངས་བརྟན་པའི་རང་བཞིན་ཏེ།།རྫས།།
204b2 དང་ལོངས་སྤྱོད་རྡེགས་ལས་བྱུང་།།དེ་དེ་ལེགས་སྒོམ་པ་བྱ་དང་མཚུངས་པ་མེད།།ེ་མའོ་གསང་བ་ཆེན་པོ་གསུང་བ་ཀུན་བསྡུས་པ།།རྣལ་འབྱོར་རྒྱ་ཆེར་བསྡུས་པའང་མཚུངས་པ་མེད།།
204b3 བདེ་བ་ཆེན་པོ་འདི་ནི་བརྟན་པའི་དངོས་པོར་གྱུར།།དགའ་བ་ཆེན་པོའི་སློབ་དཔོན་དགའ་ཆེན་ཉི་མ་སྟེ།།མཆོད་འོས་གསང་བའི་ཀུན་བསྡུས་པ།།ཀུན་མཁྱེན་གསུང་ལས་བྱུང་བའི་དཀྱིལ
204b4 འཁོར་ཀུན་བསྡུས་པ།།ཚོགས་རྒྱས་རབ་ཏུ་འཕེལ་བར་གྱུར་པ་གསུངས་པ་ཡིན།།རྡོ་རྗེ་ཆེན་པོ་སྐལ་པ་ཆེས།།གསང་བ་ཐུམས་ཅིང་རྗེསུ་བསླབ།།དེ་ཉིད་ཆོས་ནི་རྣལ་འབྱོར་ཆེ།།སྟུབ།
204b5 པོ་བསྡུས་པ་འཇུག་པར་བྱ།།བརྒྱ་དང་སུམ་ཅུ་རྩ་དྲུག་ལྷག།ཚོགས་ཀྱི་དཀྱིལ་འཁོར་ཀུན་བསྡུས་པ།།བྲི་དང་རྡོར་ཚིག་ཡི་གེ་ཡིས།།དཀྱིལ་འཁོར་གསང་བ་བསླབ་པར་བྱ།།རྒྱུད་ཀྱི།
204b6 དཀྱིལ་འཁོར་ཀུན་བསྡུས་པ།།དཀྱིལ་འཁོར་གསང་བ་འདི་རུ་ནི།།དེ་ཉིད་ཡི་གེ་རྣམ་དག་པའི།།རྣལ་འབྱོར་ཆེན་པོ་འཇུག་པར་བྱ།།གྲུ་བཞི་པ་ལ་སྒོ་བཞི་པ།།རྟ་བབས་བཞིས་ནི
204b7 རྣམ་པར་བརྒྱན།།ཐིག་བཞི་དང་ནི་ཡང་དག་ལྡན།།དར་གྱི་ཆུན་པོས་རྣམ་པར་བརྒྱན།།རྡོ་རྗེ་དབྱིངས་སོགས་སྦྱོར་བ་ཡིས།།སྡུག་པ་གསང་བ་ཤིན་ཏུ་བརྟན།།དེ་ཉིད་གཔངས
iiif viewer powered by OpenSeadragon
204a - 205a