| | e-texts navigator
|
203b1 ཀྱིས་བསྐུལ་བྱ་ཞིང་།།སངས་རྒྱས་བྱང་ཆུབ་རབ་ཏུ་སྒྲུབ།།ཧཱུཾ་བཛྲ་མཱ་ཏ།རྡོ་རྗེ་རིག་པ་མཆོག་རྒྱལ་པོ།།བདག་ཉིད་ཡོངས་བསྒོམ་བྱ་ཞིང་།།སངས་རྒྱས་ཐམས་ཅད་འཇིག་བྱས་ན།།འགྲུབ
203b2 འགྱུར་འདི་ལོ་ཐེ་ཚམ་མེད།།ོཾ་བྷྲྀ་ཀུ་ཙྪ་བ་ར་ཏ།རང་བདག་ཉིད་ནི་དབང་བསྐུར་བ།།རིན་ཆེན་ཕྱག་རྒྱ་ཡོངསུ་གཟུང་།།རིན་ཆེན་ཆར་ནི་རབ་ཕབ་ནས།།འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།།
203b3 ཨོཾ་པད་མ་བཛྲ་ཧྲཱིཿཐ།ཤེས་རབ་སྤྱན་དུ་རང་བདག་ཉིད།།རྡོ་རྗེ་སྔགས་ཀྱིས་བསྐུལ་བྱ་ཞིང་།།པདྨའི་རིགས་ཆེན་བསྐུལ་བར་བྱ།།ཧཱུཾ་ཀརྨ་བཛྲ་ཀྲི་ཏི་ཏ།སྣ་ཚོགས་རྡོ་རྗེ་རྒྱལ་པོ་ཆེ།།བྱ།
203b4 བ་སྣ་ཚོགས་བདག་ཉིད་ཆེ།།སངས་རྒྱས་ཐམས་ཅད་མཆོད་བྱས་ན།།དངོས་གྲུབ་ལས་ནི་ཐོབ་པར་འགྱུར།།བུད་མེད་སྡུག་དང་ལྷན་ཅིག་ཏུ།།དཀྱིལ་འཁོར་དག་ནི་ཡང་དག་བྱ།།མདོ།
203b5 སྡེ་གསང་དབང་རྒྱལ་པོ་ལས།།རྣམ་པ་བཞི་ནི་རབ་ཏུ་བྱུང་།།དེ་ནས་མཚན་ཉིད་སྣ་ཚོགས་ཡོངས་བསྡུས་པ།།རབ་ཏུ་སྤྱན་ཡང་དགའ་བ་ཆེན་པོ་མཆོག།དེ་བཞིན་ཚོགས་དང་རྡོ་རྗེ་སྤྱན་ལྔ
203b6 པཱ།ཤེས་རབ་སྤྱན་གྱིས་བཙུན་མོ་མཆོག་ཆེན་ལྡན།ོཾ་བཛྲ་ཀརྨ་ཧོ།བཛྲ་ཧཱུཾ་ཧཱུཾ།ཀ་ཊ་མ་ཊ།ར་ཊ་བ་ཊ།ཀ་ར་ཎ་བཛྲཱི་གྲི།བཛྲ་པུ་རུ།བཛྲ་ཕཊ།ཀ་ར་ར་གྲི།ཤུད་དྷི།
203b7 གྷི།ཤུད་དྷི།ཤུ་དྷི་གྲྀ།བུད་དྷ།སཏྭ་རཱ་ཛཾ།རཱ་དེ།དུཥྚི།རཏྣ།ཏེ་ཛ།ཀེ་ཏྱ།ཧ་ས།དྷརྨ།ཏཱིཀྵྞ།ཧཾཏྲ།གྷོ་ཥ།ཀརྨ།རཀྵ།ཡཀྵ།སིནྡྷི་སིནྡྷུ།ཡཽ་ག།བུ་ཧྱ།བི་ཤ་ཀ།ཙཨཱརྱ།ཙ་རཾ།ཛ
iiif viewer powered by OpenSeadragon
203a - 204a