e-texts navigator
Collection
Volume
Page
Wylie

202b1 !།།ེ་པན་ཏཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུཾ།ཧཱུ~ཾ་དྲཱ་མ་ཊ།ོཾ་བཛྲ་པྤ་ཏདྷྭི་ཀུ་ཊི་བཛྲ་རཏྣ།ོཾ་པད་མ་བཛྲ་ཏ་ཏ།ོཾ་བཛྲ་ཀརྨ་ཨ་ཏྲིཀྵོདྦྷ།།ཤར་དང་ལྷ་ཡི་ཕྱོགས་ན་དང་།།ནུང་དང་བྱང་ཕྱོགས
202b2 དང་།།དབུས་དང་ཕྱོགས་བཞི་དག་ཏུ་ནི།།སྦྱོར་བའི་ཕྱག་རྒྱ་དགོད་པར་བྱ།།ཕྱག་རྒྱའི་དཀྱིལ་འཁོར་དམ་པ་ནི།།ཐམས་ཅད་བྲི་ཞིང་དགད་པར་བྱ།།རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།།མཐང།
202b3 འགྱུར་འདི་ལ་ཐེ་ཚོམ་མེད།།ཇི་སྐད་བཤད་པའི་རྣལ་འབྱོར་བཞིན།།རྡོ་རྗེ་རྣལ་འབྱོར་རྗེས་སྦྱོར་སྐྱེས།།རྣལ་འབྱོར་དག་ནི་ལྷག་མ་དག།དེ་དག་ཐམས་ཅད་བརྟན་པར་བྱ།།ཤིན་ཏུ་གསང
202b4 དེདཉིད་ཚེ།།མཆོག་ཏུ་གསང་བ་དེ་ཉིད་མཆོག།གསང་པོ་ཆེན་པོ་གསང་གེ་འཛིན།།རྡོ་རྗེ་གསོང་པོ་བརྟན་པ་ཆེ།།རིག་པ་མངོན་པར་འདོད་འགྱུར་བ།།རང་གི་ལག་གིས་ཡང་དག་བྲེ།།རྒྱལ
202b5 མོ་ཆེན་མོ་བརྗོད་བྱས་ན།།དཀྱིལ་འཁོར་དུ་ནི་སྐད་ཅིག་འགྲུབ།།ོཾ་སརྦ་ཏ་ཐཱ་ག་ཏ་བི་ཤུད་དྷཱ་དྷརྨ་ཧཿ།།རང་གིས་དཀྱིལ་འཁོར་ཆུ་བྲིས་ནས།།རིག་པ་བརྗོད་པ་ལ་བརྩོན་བྱ།།བྱམས
202b6 པས་དགུག་པའི་སྦྱོར་བ་ཡིས།།འཁར་བ་སྙིང་རྗེ་སྤྱད་པར་བྱ།།ོཾ་བི་ཤུད་དྷེ་དྷེཥྚ་ཛཿརང་གིས་གསང་སྔགས་བྲིས་ནས་ནི།།བུ་མོའི་འཆུ་ལ་འོ་བྱས་ཏེ།།འཇིག་རྟེན་དབང
202b7 ཕྱུག་བཙུན་མོ་ཆེ།།ཤེས་རབ་ཕ་རོལ་ཕྱིན་ལྷ་མོ།།ོཾ་སྭ་བྷཱ་བ་བི་ཤུད་དྷ་མུ~ཾ་ཁཾ་ཧཱུ~ཾ།།ཕ་རོལ་ཕྱིན་དྲུག་སྤྱོད་པ་ཡི།།བྱང་ཆུབ་སྤྱོད་པ་རབ་རྙེད་དཀའ།།སངས་རྒྱས་རྣལ་འབྱོར་བརྟན




iiif viewer powered by OpenSeadragon

202a - 203a

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo