e-texts navigator
Collection
Volume
Page
Wylie

201b1 གང་ཞིག་ཡིད་འོང་བ།།སྲིང་མོའི་རིགས་ནི་ཐོབ་བྱའི་ཕྱིར།།རིག་པའི་ལྷ་མོ་དང་ལྡན་པར།།ཤིན་ཏུ་རྣལ་འབྱོར་བསྒྲུབ་པར་བྱ།།བུད་མེད་སྡུག་དང་ལྷན་ཅིག་དུ།།མཁས་པས་གདུག་པ་སྟོན་པར་བྱ།།
201b2 མདོ་སྡེ་གསང་དབང་རྒྱལ་པོ་ལས།།དེ་ཉིད་དུ་ནི་ཇི་སྐད་བཤད།།ཀུན་ཏུ་གུར་གུམ་ཕྱེ་མ་དང་།།བྷ་གར་མགོ་སྨན་བཅུག་ནས་ནི།།དེ་ཡི་སེམས་དཔའ་ཤེས་པར་བྱ།།གང་ཕྱིར་དགོངས་པ་རབ་ཏུ
201b3 བསྒྲགས།།སྡུག་པ་དེ་ཡི་རིག་པ་ནི།།མངོན་པར་འདོད་པ་གང་ཡིན་འོང་།།རང་གི་རིགས་ཀྱི་ལྷ་མོ་དང་།།དེ་ནི་བུད་མེད་ཞེས་བྱར་གྲགས།།རིག་པའི་སྦྱོར་བ་དེ་ཡིས་ནི།།རང་གི་རིག་ཀྱི་ལྷ་དག་སྒྲུབ།།
201b4 མེག་སྨན་ལས་གས་གཞུགས་པ་ནི།།པདྨའི་སྟེང་དུ་ཡང་དག་དགོད།།བྷ་ག་པདྨ་ཞེས་བཤད་ཏེ།།གཞུག་པ་དགོད་པར་བཤད་པར་བྱ།།བྷ་གའི་སྦྱོར་བ་འདི་ཡིས་ནི།།མིག་སྨན་དག་ནི་བསྒྲུབ་པར
201b5 བྱ།།བྷ་ག་མིག་སྨན་གཞུགས་པ་ནི།།པདྨའི་སྟེང་དུ་ཡང་དག་དགོད།།པདྨ་དང་ནི་ལྷན་ཅིག་དགོད།།རྣམ་པ་བཞི་ནི་འགྲུབ་པར་འགྱུར།།ོཾ་གུ་ཧྱར་ཏི་བཛྲ་ཤཾ་ཀཱ་རི་སིདྡྷི་ཧཱུ~ཾ།།གྲོ་དང་ངུ་བ་འབ་རོ་དང་རྡུལ
201b6 རྣམ་པ་བཞི་ནི་འགྲུབ་པར་འགྱུར།།ོཾ་གུ་དྷ་བཛྲ་སིདྡྷི་ཧཱུཾ།།བྷ་ག་ར་བི་ཝང་བཞག་ནས་ནི།།གསང་བའི་ཕྱག་རྒྱ་གཞག་པར་འགྱུར།།མཚན་མ་རྣམ་པ་བཞི་དག་གིས།།དངོས་གྲུབ་རྣམ་པ་བཞི
201b7 རུ་བཤད།།ཾ་གུ་ཧྱ་བཛྲ་སིདྡྷི་ཧཱུཾ།།རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡེ་སེ།།བྷ་ག་ཤུ་གུམ་བཅུ་ནས་ནི།།དགབ་ཅིང་དེ་ནི་འབར་འགྱུར་ན།།རྣམ་པ་བཞི་ནི་འགྲུབ་པར་འགྱུར།།ོཾ་བཛྲ་དྷ་ར་གུ་ཧྱ




iiif viewer powered by OpenSeadragon

201a - 202a

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo