| | e-texts navigator
|
200b1 འབར་བའི་མེ་སྦར་ནས།།མེ་ཏོག་འབྲས་བུ་དམར་པོ་ཡང་།།སྦྱིན་སྲེག་བྱས་ན་དབང་བྱེད་མཆོག།ཧཱུཾ་བཛྲཱ་པཱ་ཤ་ཡ་།།ཚ་བའི་ཡམ་ཤིང་དག་བྱ་ཞིང་།།རབ་ཏུ་དྲག་པོའི་མེ་སྦར་ནས།།
200b2 འབྲས་བུ་ཁབས་བསྲེགས་བྱས་ན།།མངོན་སྤྱོད་ཀྱི་ནི་མཆོག་ཡོན་ནོ།།ཧཱུཾ་བཛྲ་མཱ་ར་ཡཱཾ་ཕཊ།།གསང་བའི་སྦྱིན་སྲེག་ཐམས་ཅད་ནི།།དེ་ནས་གཞན་ཡང་རབ་བཤད་བྱ།།སྦྱིན་སྲེག
200b3 འཁོར་ལོ་ཆོ་ག་ཡི།།དེ་ཉིད་དུ་ནི་དེ་བཞིན་སྦྱོར།།ཡམ་ཤིང་ཚ་བདག་གིས་ནི།།ཤིན་ཏུ་དྲག་པས་མེ་སྦར་ནས།།འཇིགས་རུང་ལྕགས་ཀྱུས་སྦྱིན་བསྲེག་བྱ།།གདོག་པ་ཐམས་ཅད
200b4 རབ་འཇིགས་འགྱུར།།ོཾ་བཛྲ་བ་ན་དྷ་ཡ་ཕཊ།།མེ་ཏོག་དང་བཅས་ཤིང་མེ་ལ།།རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས།།སྔགས་སོགས་འབྲས་བུའི་སྦྱིན་སྲེག་པ་ནི།།དབང་དུ་བྱེད་པ་མཆོག
200b5 ཡིན་ནོ།།ོཾ་བཛྲ་པ་ཤཾ་ཀ་རཱ་ཡ་སྭཱ་ཧཱ།།ཁ་བ་དང་ནི་མངར་བ་ཉིད།།ཡམ་ཤིང་མངར་པོ་སྦྱར་བྱ་ཞིང་།།འདོད་པའི་མེ་ཏོག་འབྲས་བསྲེགས་ནི།།འདོད་པའི་གཟུགས་ཅན་མཆོག་ཏུ
200b6 འགྱུར།།ོཾ་བཛྲ་ཀཱ་ན་རཱུ་པ་ཎེ་སྭཱ་ཧཱ།།དེ་ནས་བུད་ཤིང་དེ་དག་ཉིད་ཀྱིས་ནི།།རབ་ཏུ་ཁྲོས་པོས་མ་སྦང་ནས།།སྨྱུག་མའི་འབྲས་བུ་ཕ་མོ་བསྲེགས།།མྱུར་དུ་མི་སྣང་ཉིད་དུ་འགྱུར།།
200b7 བཛྲ་ཨ་ཏྲི་ཤ་ཡ།།ཤེས་རབ་བུད་ཤིང་དེ་ཉིད་ཀྱིས།།དྲག་པོའི་མེ་ནི་རབ་སྤར་ནས།།ན་མཁའ་སྟོབས་ཀྱི་མེ་ཏ་དང་།།བསྲེག་ན་མཁའ་ལ་འགྲོ་བར་འགྱུར།།ོཾ་བཛྲ་ཁེ་ཙ་རི་ནི
iiif viewer powered by OpenSeadragon
200a - 201a