| | e-texts navigator
|
200a1 ཏིལ་མར་གྱིས་ནི་སྦྱིན་སྲེག་བྱས།།སྡིག་པ་ཐམས་ཅད་སྲེག་པར་འགྱུར།།ོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ།།བུད་ཤིང་མངར་བ་དག་གིས་ནི།།ཤིན་ཏུ་མཉམ་པར
200a2 གཞག་པས་སྦར།།འབྲས་ཀྱི་སྦྱིན་སྲེག་བྱས་ནས་ནི།།བསོད་ནམས་ཚོགས་ནི་འཕེལ་བར་འགྱུར།།ོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ།།བུད་ཤིང་མངར་པ་དག་གིས་ནི།།མཉམ་པར་གཞག་པས།།
200a3 མེ་སྦར་ནས།།མར་སྐྱུགས་དོར་བའི་སྦྱིན་སྲེག་གིས།།རྡོ་རྗེ་ཚེ་ནི་མངོན་འཕེལ་འགྱུར།།ོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།།ཡམ་ཤིང་དེ་དག་ཉིས་ཀྱིས་ནི།།དགེ་བ་འབྱུང་བས་མེ་སྦྱར་ནས།།
200a4 ཀུ་ཤཱའི་མྱུ་གུའི་ཏིལ་མར་གྱིས།།འཇིག་རྟེན་གསུམ་ཡང་སྲུང་བར་འགྱུར།།ོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ།།སྔོན་ལ་ཞི་བ་སྦྱར་བར་བྱ།།དབུས་ཀྱི་གཉིས་ལ་རྒྱས་དེ་བཞིན།།ནཱི་པ
200a5 དང་ནི་རྒྱས་པ་ཡི།།སྦྱིན་སྲེག་ལས་ནི་དང་བར་འགྱུར།།ཤིང་ནི་ཚ་བའི་ཡམ་ཤིང་གིས།།མངོན་སྤྱོད་ཀྱི་ནི་ལས་དགེ་ལ།།མངོན་སྤྱོད་དང་ནི་བཅས་པ་ཡི།།དགུག་པ་ལ་ཡང་དེ་ཉིད
200a6 ཀྱི།།རྡོ་རྗེ་ཁྲོ་བོའི་ཉིང་འཛིན་གྱི།།སྔོ་ལ་ཚ་བའི་ཡམ་ཤིང་གིས།།ཁྲོས་པས་མེ་ནི་རབ་སྤུར་ནས།།མཁས་པས་ཚེར་མས་སྦྱིན་བསྲེག་བྱ།།ཚེར་མ་དང་བཅས་ཤིང་དག་ཀྱང་།།
200a7 ཚེར་མ་ཅན་བྱིས་ངེས་པར་དགུག།གང་དང་གང་ནི་འདོད་གྱུར་པ།།སངས་རྒྱས་རྣམས་ནི་ངེས་པར་འགུགས།།ོཾ་བཛྲ་ཨཱ་ཀིཪྵ་ཡ་ཛཿ།།བུང་ཤིང་མེ་ཏོག་དམར་སོགས་ཀྱིས།།རབ
iiif viewer powered by OpenSeadragon
199b - 200b