e-texts navigator
Collection
Volume
Page
Wylie

199a1 སྨངྒ་ག་མད་པ་ས་མཆོད་པ།དོནས་ལས་ནི་ཐུ་སྣུནནག།གླང་གིས་མྱུར་དུ་མ་ན་འབྱུང།།གང་ཧཱུ~ཾ་དགའ་།
199a2 སྦྱིན་སྲེག་ལས་ཀྱི་ཚི་གའོ།།ཇི་ལྟར་སྦྱིན་སྲེག་དང་ས་གྲུབ་ཀྱིས།།ལས་ནི་བླུན་མིང་དེ་ལྟར།།དེ་བཞིན་རིགས་པའི་ལས་རྣམས་ཀུན།།དེ་ལྟ་ནི་བྱེད་པ་མིན།།སྦྱིན་སྲོག།
199a3 རྣམ་པ་མང་ལྡན་པ།།མདོ་རུ་བསྡུན་རྣམ་པ་ལྟ།།རྒྱས་པར་རྣལ་འབྱོར་ཆེན་པོ་ཡི།།གསང་བའི་མདོ་ལས་རབ་ཏུ་བཤད།།རིགས་པ་འཛིན་པའི་རྣམ་འཕྲུལ་པ།།ཇི་ལྟར་སྦྱིན
199a4 སྲེག་རྣམ་པ་ཡིས།།རིགས་ཀྱི་དཀྱིལ་འཁོར་འགྲུབ་འགྱུར་བ།།མདོར་སྡུས་རབ་ཏུ་བཤད་པར་བྱ།།སྦྱིན་སྒེག་ལས་ནི་རྣམ་པ་ལྔ།།རེ་རེ་ཞིང་ཡང་རྣམ་པ་མང་།།ཞི་བ་དང་།
199a5 ནི་རྒྱས་པ་ཉིད།།མངོན་སྤྱད་ཀྱི་ནི་གསུམ་པ་སྟེ།།དགུག་པ་ཡང་ནི་བཞི་པ་ཡིན།།ལྔ་བ་དབང་དང་ཡང་དག་ལྡན།།སྦྱིན་སྲེག་ལྔ་པ་དེ་རྣམས་ནི།།དབང་དུ་བྱེད་པ་མཆོག་ཡིན་ནོ།།
199a6 དེ་ནས་ཐག་ཁུང་རབ་བ་ཤིང་བྱ།།སྦྱོར་བ་ཇི་བཞིན་སྦྱོར་བར་བྱ།།ཐཱ་ལ་ཐག་ཟུང་ཟླུམ་པོ་སྟེ།།ཀུན་ནས་ཡོངས་རྒྱམ་པ་ཡིན།།རྒྱས་པ་ལ་ནི་གྲུབ་པ་ནི་སྟེ།།མངོན་སྤྱོད་ལ་ནི་གྲུ
199a7 ཡིན།།ཐག་ཁུང་རྡོ་རྗེའི་རྣམ་པ་ཅན།།ཀུན་ཏུ་དཐུག་པར་བྱེད་པའི་མཆོག།དེ་བཞིན་ཐལ་བུང་རིང་པོར་བྱ།དབང་དུ་བྱེད་པའི་མཆོག་ཡིན་ནོ།།དེ་དག་རྣམ་པ་ལྔ་རུ་བ་ཤད།།།




iiif viewer powered by OpenSeadragon

198b - 199b

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo