e-texts navigator
Collection
Volume
Page
Wylie

198b1 ཅན་མཉེས་བྱ།།འདོད་ཆགས་བརྟན་པས་རབ་ཏུ་མཆོད།།ོཾ་བཛྲ་མཎྜ་ལ་རཱ་གེ་ར་ག་ཡ་ཧཱུཾ།།ནུ་མཁའི་ལྷ་མོ་ཆོས་སྨྲ་བ།།བརྗོད་དུ་མེད་པའི་བདག་ཉིད་བསྟན།།དག་པའི་ཆོས་ལ་དགའ
198b2 བྱ་ཞིང་།།དེ་བཞིན་གཤེགས་རྣམས་མཉེས་པར་བྱ།།ོཾ་བཱཀ་རཱ་གཻ་ར་ག་ཡ་ཧཱུཾ།།བདེ་ག་ནི་རང་ཉིད་ལས་ཡིན་ཏེ།།ཕྱོགས་རྣམས་ཀུན་ཏུ་རབ་ཏུ་གྲགས།།བདག་ནི་ན་མཁའི་མཛོད
198b3 ཀྱང་ཡིན།།མཆོད་པའི་ཆར་གྱིས་རབ་ཏུ་མཆོད།།ོཾ་བཛྲ་ཀརྨ་ས་མ་ཡེ་པཱུ་ཛ་ཧཱུཾ།།བདག་ནི་རང་ཉིད་སྲུང་བ་སྟེ།།སངས་རྒྱས་བྱམས་པ་བརྟན་པ་བདག།བདག་གིས་སངས་རྒྱས
198b4 མཆོད་པ་བྱ།།ཆོས་ཀྱི་མཆོད་པས་ཀུན་ཏུ་མཆོད།།ོཾ་བཛྲ་ཀ་བ་ཙ་བཱན་དྷ་རཀྵ་ཧཱུཾ།།བདག་གིས་ཉོན་མོངས་བཟའ་བར་བྱ།།རྡོ་རྗེ་གནོད་སྦྱིན་བརྟན་པ་བདག།བདག་གིས
198b5 སངས་རྒྱས་མཆོད་པར་བྱ།།ཆོས་ཀྱི་མཆོད་པས་རབ་ཏུ་མཆོད།།ོཾ་བཛྲ་ཡཀྵི་མཱ་ར་ཡ་བཛྲ་དཾཥྚ་ཧཱུཾ་ཕཊ།།ང་ནི་སངས་རྒྱས་བྱང་ཆུབ་ཡིན།།རྡོ་རྗེ་ཁྲོ་ཚུར་རང་བདག་ཉིད།།ཕྱིར་མི་ལྡོག
198b6 པའི་འཁོར་ལོ་སྟེ།།ལས་ཀྱི་མཆོད་པས་རབ་ཏུ་མཆོད།།ོཾ་བཛྲ་ཀརྨ་མུཥྚ་སིད་དྷཱི་སིདྡྷ་ཧཱུཾ་ཕཊ།།འདི་འདྲའི་སྣ་ཚོགས་མཆོད་པ་ཀུན།།ཡེ་ཤེས་གསང་སྔགས་རབ་ཐོབ་བྱེད།།མ
198b7 ལུས་ལྷ་མོ་སེམས་དཔའ་ཀུན།།རྒྱལ་པོ་ཇི་བཞིན་རབ་སྙིང་ཧཱུཾ།།སྒེག་མོ་ཕྲེང་བ་དེ་བཞིན་གླུ།།གར་མ་མེ་ཏོག་སོགས་སྦྱོར་བས།།སེམས་དཔའ་ལ་སོགས་ལྷ་མོ་དག།ཤིན




iiif viewer powered by OpenSeadragon

198a - 199a

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo