| | e-texts navigator
|
198a1 རྡོ་རྗེ་ལེགས་པས་རབ་མཆོད་པས།།སངས་རྒྱས་ཐམས་ཅད་དབུག་པར་བྱ།།ོཾ་བཛྲ་སཱ་དྷ་ཀརྨཱ་ཛྙཱ་ན་ས་མ་ཡ་ཧཱུཾ་ཛཿརྡོ་རྗེ་རིན་ཆེན་རྒྱལ་པོ་ཆེ།།རང་བདག་ཉིད་ནི་བསྒོམ
198a2 པ།།དེ་བཞིན་གཤེགས་རྣམས་དབང་བྱ་ཞིང་།།རིན་ཆེན་ཆར་ནི་ཀུན་ཏུ་དབང་།།ོཾ་བཛྲ་བྷྲི་ཀུ་ནཱི་ཥྛ་ཤཱ~ཾ་ཀུ་རུ་ཧཱུཾ།།རྡོ་རྗེ་ཉི་མར་རང་བདག་ཉིད།།འོད་ཟེར་ཕྲེང་བ་དང་ལྡན་སྒོམ།།སངས
198a3 རྒྱས་རྣམས་ནི་དབང་བྱ་ཞིང་།།ཕྱོགས་རྣམ་སུ་ནི་འོད་ཟེར་སྤྲོ།།ོཾ་བཛྲ་སཱུརྱ་མཎྜ་ལ་བ་ཤཱི་ཀུ་རུ་ཧཱུཾ།དེ་བཞིན་གཤེགས་རྣམས་དབང་བྱ་ཞིང་།།བདག་ནི་པདྨའི་རྒྱལ་པོ་ཉིད།།སེམས
198a4 ཅན་བསམ་ཀུན་རྫོགས་པར་བྱ།།རིན་ཆེན་རྒྱལ་མཚན་རབ་ཏུ་མཆོད།།ོཾ་བཛྲ་དྷུ་ཛ་གྲ་ཀེ་ཡཱུ་རཾ་བ་ཤཱི་ཀུ་རུ་ཧཱུཾ།ཧ་ཧ་ཞེས་དགོད་བཞད་བྱ་ཞིང་།།རྡོ་རྗེ་བཞེད་པ་བདག་ཉིད་དེ།།སངས
198a5 རྒྱས་ཐམས་ཅད་དབང་དུ་བྱ།།བཞད་པའི་མཆོད་པས་རབ་ཏུ་མཆོད།།ོཾ་བཛྲ་ཨནྡྲ་ཧཱ་སེ་ན་བ་ཤཱི་ཀུ་རུ་ཧཱུ~ཾ།།བདག་ནི་པདྨའི་རྒྱལ་པོ་ཉིད།།སེམས་ཅན་བས་མ་ཀུན་རྫོགས་པར་བྱ།།
198a6 བདག་གིས་སངས་རྒྱས་རྗེས་ཆགས་བྱ།།འདོད་ལ་ཆགས་པས་རབ་ཏུ་མཆོད།།ོཾ་བཛྲ་པདྨ་རཱ་ག་ཡ་ཧཱུཾ།བདག་ནི་རང་ཉིད་རྣོན་པོ་སྟེ།།ཤེས་རབ་ཕ་རོལ་ཕྱིན་པ་བརྟན།།བདག་གིས
198a7 ཉོན་མོངས་བཅད་བྱ་ཞིང་།།དེ་བཞིན་གཤེགས་རྣམས་ཆགས་པར་བྱ།།ོཾ་བཛྲ་ཏིཀྵ་རཱ་ག་ཡ་ཧཱུཾ།།ལྷ་མོ་རྡོ་རྗེ་སྒྲོལ་མ་དག།ཆོས་ཀྱི་འཁོར་ལོ་རབ་བསྐོར་བ།།བདག་གིས་རྡོ
iiif viewer powered by OpenSeadragon
197b - 198b