| | e-texts navigator
|
197b1 དུཥྚཱན་མ་ཧཱ་ས་མ་ཡ་བཛྲོ་ཧཱུ~ཾ།ཁྲོ་གཉེར་ཅན་ཀུན་དབདག་ཉིད།།ཁྲོ་བོ་རིན་ཆེར་གྱི་བསྒོམ་བྱ།།སངས་རྒྱས་ཐམས་ནད་འཇིག་བྱ་ཞིང་།།རིན་ཆེན་མཆོད་པས་རབ་ཏུ་མ་ཆད།།ོཾ་སརྦ་ཏ་ཐཱ་ག་ཏ་ཀ་པཱ
197b2 ཤཾ་ས་མ་བ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཨཱ་ཀཪྵ་ཡ་བི་དྷི་བསྟི་ར་ས་མ་ཡ་ཧཱུཾ།ཆོས་ཀྱི་དབྱིངས་དང་མཚུངས་པར་སྣང་།།རྡོ་རྗེ་ཆོས་ཀྱི་བརྟེན་པ་བདག།ཆོས་ཀྱི་མཆོད་པར་རང་མཆེད་པས།།སངས་རྒྱས
197b3 །ཐམས་ཅད་མཆོད་པར་བྱ།།ོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷ་ཏུ་སྥ་ར་ཎ་མ་ཧཱ་པཱུ་ཛ་བྷི་བསྟི་ར་ས་མ་ཡ་ཧཱུཾ།བདག་ཉིད་རྡོ་རྗེ་ལས་ཉིད་ནི།།སངས་རྒྱས་རྣམ་འཕྲུལ་བསྒོམ་པར་བྱ།།སངས་རྒྱས་ཐཾད
197b4 མཆོད་བྱ་ཞིང་།།ལས་ཀྱི་མཆོད་པས་རབ་ཏུ་མཆོད།།ོཾ་སརྦ་ཏ་ཐཱ་ག་ཏཱ་ལོ་ཀ་དྷ་ཏུ་ཛཱི་བི་ཏ་མྱ་ཧཱ་ཀརྨ་པཱུ་ཛ་བི་དྷི་བསྟི་ར་ས་མ་ཡ་ཧཱུཾ།ཕྱག་ན་རྡོ་རྗེ་བདག་རྡོ་རྗེ།།དེ་བཞིན་གཤེགས་རྣམས
197b5 དགུག་པར་བྱ།།རྡོ་རྗེ་སེམས་དཔའ་རབ་མཆོད་པས།།མཆོད་པ་རུ་ནི་བསྒོམ་པར་བྱ།།ོཾ་བཛྲ་སཏྭ་སིདྡྷི་ཛྙཱ་ན་ས་མ་ཡེ་ཧཱུཾ་ཛཿརྡོ་རྗེ་ལྕགས་ཀྱུ་བརྟན་པའི་མཆོག།རྟག་ཏུ་བདག་ཉིད་བསྒོམ
197b6 པར་བྱ།།སྒོམ་པ་སྒྲུབ་པ་བྱ་བའི་ཕྱིར།།སངས་རྒྱས་ཐམས་ཅད་དགུག་པར་བྱ།།ོཾ་བཛྲ་ཨཱ་ཀཪྵ་ཛྙཱ་ནཾ་ས་མ་ཡེ་ཧཱུཾ་ཛིཿརྡོ་རྗེ་ཆགས་པ་བདག་ཉིད་སྟེ།བཀུག་པ་རྣམས་ནི་མཉེས་པར
197b7 བྱད།རྡོ་རྗེ་ཆགས་པས་རབ་མཆོད་པས།།བསྒྲུབ་པར་བྱ་ཞེས་ཡང་དག་སྦྱར།།ོཾ་བཛྲ་ར་ཏི་རཱ་ག་ས་མ་ཡེ་ཧཱུཾ་ཛཿརྡོ་རྗེ་ལེགས་པ་རང་བདག་ཉིད།།སྒོམ་ཞིང་རྒྱལ་བ་མཉེས་པར་བྱ།།
iiif viewer powered by OpenSeadragon
197a - 198a