e-texts navigator
Collection
Volume
Page
Wylie

196b1 ལྡན་པ།།སངས་རྒྱས་གཟུགས་ནི་རྣམ་པར་སྒོམ།།སངས་རྒྱས་ཆོས་རྣམས་ཕབ་བྱས་ན།།འཇིགས་པ་ངེས་པར་འབྱུང་མི་འགྱུར།།ཧཱུཾ་བུད་དྷ་པྲ་བརྟ།ཟླ་བ་རྡོ་ཛཱ་རང་བཞིན་དངོས།།བསྐྱེད་པ
196b2 བཞིན་དུ་སྒོམ་བྱས་ནས།།བློ་བཟང་ཟླ་བ་རྡོ་རྗེ་མཚུངས།།མྱུར་དུ་མཁའ་ལ་འགྲོ་བར་འགྱུར།།བུད་དྷ་པྲ་བརྟ་ཡ་ཧཱུཾ།ཟླ་བའི་དབུསུ་རང་བདག་ཉིད།།སྒོམ་ཞིང་གང་ལ་ཕབ་བྱས་པ།།སེམ
196b3 ཅན་དེ་རྣམས་མི་ལྡོག་པར།།འགྱུར་བ་རུ་ནི་ཐེ་ཚོམ་མེད།།སཏྭ་པྲ་བརྟ་ཡ་ཧཱུཾ།ཕྱག་ན་རྡོ་རྗེ་རང་བདག་ཉིད།།མཁས་པ་ཡིས་ནི་བསྒོམ་བྱ་ཞིང་།།གང་དུ་ཕབ་པའི་གནས་ང་ནི།།དཔལ་དང་།
196b4 བདེ་བ་འཕེལ་བར་འགྱུར།།མྱུར་བ་ཉིད་དུ་ཐེ་ཚོམ་མེད།།བཛྲ་སཏྭ་པྲ་བརྟ་ཡ་ཧཱུཾ།སངས་རྒྱས་གཟུགསུ་རང་བདག་ཉིད།།མཉམ་པར་གཞག་པས་བསྒོམ་བྱ་ཞིང་།།རྡོ་རྗེ་དེ་ནི་གར་ཕབ་པ།།
196b5 རྫུ་འཕྲུལ་རྒྱ་ནི་ཆེན་པོར་འགྱུར།།བུད་དྷ་པྲ་བརྟ་ཧཱུཾ།རྡོ་རྗེ་ཁྲོ་བོ་སྙོམས་འཇུག་པས།།རང་གི་ལུས་ནི་རབ་བསྐོར་བ།།གང་གི་མིང་གིས་བྱས་པ་དེ།།ཐེ་ཚོམ་མེད་པའི་བྱང་ཆུབ་ཐོབ།།ོཾ་བཛྲ་པ
196b6 ལྀ་ཏ་ཀྲ་དྷ་མཱ་ར་ཡ་ཧཱུཾ།དབུགས་ནི་འབྱུང་དང་རྔུབ་པ་ལ།།ཡི་གེ་ཧཱུཾ་ནི་རབ་སྦྱོར་ཞིང་།།རྡོ་རྗེ་ཁྲོ་བོ་སྙོམས་འཇུག་པས།།འདོད་ཆགས་ལ་སོགས་ཉེས་པ་གཞོམ།།ོཾ་བཛྲ་ཤཱ་པ་པི་ཏ་ལ་ཧཱུཾ་ཕཊ།
196b7 །རྡོ་རྗེ་ལྟ་བས་ལྟ་བྱ་ཞིང་།།རྡོ་རྗེ་ཁྲོ་བོ་རབ་སྦྱོར་བས།།སེམས་ཅན་གང་ལོ་བལྟ་བྱས་ན།།ད་ནི་འཁོར་བ་ལས་གྲོལ་འགྱུར།།ོཾ་བཛྲ་དིཥྚི་བི་ནཱ་ཤ་ཡ་ཧཱུཾ་ཕཊ།ལུས་ངག་གི་ནི་བདག་ཉིད་གནས




iiif viewer powered by OpenSeadragon

196a - 197a

Texts on this page

N434 - gsang ba rnal 'byor chen po'i rgyud rdo rje rtse mo