| | e-texts navigator
|
195b1 ཨོཾ་སཱུཏྨརཛྲ་ཧཱུ~ཾཏྟ་ར་ཀྲྀ་དྷཱ་ཧ་ར་པ་ཙ་ཡ་ཝ་མུ་དྭེ་ཎ་ཧཱུཾ་ཕཊ།།སངས་རྒྱས་ཐམས་ཅད་མཆོད་བྱ་ཞིང་།།རྡོ་རྗེ་ལས་ནི་བརྟན་པར་བརྟག།རྡོ་རྗེ་ཚིག་གིས་ཆོས་བཤད་ན།།རྡོ་རྗེ་ལས་ནི་ཐོད་པར་གྱུར།།ོཾ་སཱུཥྚ
195b2 བཛྲ།རྨཱ་ཀྲོ་དྷ་སརྦ་ཀརྱ་ཏྲི་ད་ཡ་ཧཱུཾ་ཕཊ།།བདག་ནི་རྒྱལ་པོ་བྱམས་པ་ཆེ།།རྡོ་རྗེ་སྲུང་བ་བརྟན་པའི་བདག།རྟག་ཏུ་བདག་ཉིད་སྒོམ་བྱས་ནས།།ངན་འགྲོ་ཐམས་ཅད་ཉམས་པར་འགྱུར།།ོཾ་སཱུཀྵ
195b3 ཀ་པ་ཙཀྲོ་དྷ་རཀྵ་ཧཱུཾ་ཕཊ།།སྡིག་པ་ཐམས་ཅད་བཟའ་བྱ་ཞིང་།།རྡོ་རྗེ་སྲུང་བ་བསྒོམ་པར་བྱ།།རྡོ་རྗེ་སྔགས་ནི་བསྐུལ་བྱས་ན།།རྡོ་རྗེ་ཉོན་མོངས་ཐམས་ཅད་འཇོམས།།ོཾ་སཱུཀྵྨ་བཛྲ་ཡཀྵ་ཧ་རེ་བྷིཀྵ་སཿ།
195b4 དུཥྚ་བཛྲ་ཡཀྵ་ཧཱུཾ་ཕཊ།།རྡོ་རྗེ་ཁུ་ཚུར་རྒྱལ་པོ་བདག།བྱང་ཆུབ་སེམས་ནི་རྗེ་སུ་དྲན།།བགེག་རྣམས་ཐམས་ཅད་བཅིང་བྱས་ན།།རྡོ་རྗེ་ཁུ་ཚུར་དང་མཚུངས་འགྱུར།།ོཾ་སཱུཀྵཱ་བཛྲ་མུཥྚི་བན་དྷ་བན་དྷ་ཧཱུཾ།
195b5 ཕཊ། སྣ་ཡི་རྩེ་མོའི་སེམས་དེ་ནི།།བརྟན་པར་བྱས་ནས་ཡང་དག་བརྩམས།།ཡི་གེ་ཧཱུཾ་ཉིད་སྦྱོར་བྱས་ན།།ཉོན་མོངས་ཐམས་ཅད་རྣམས་ཉམས་འགྱུར།།ཧཱུཾ།དང་པོ་སྙིང་གི་སྣ་རྩེ་རུ།།བརྟན་པར
195b6 བྱས་ནས་དེ་རང་བཞིན།།མཚན་མ་དེ་ནི་སྤྲོ་བྱས་ན།།ནད་སོགས་དག་ནི་འཇིགས་པར་འགྱུར།།ནཱ་ཤ་ཡ་བཛྲི་ཧཱུཾ།།སེམས་དེ་བརྟན་པར་བྱས་ནས་ཀྱང་།།རྣལ་འབྱོར་འཛིན་པས་སྤྲོ་བྱ་ཞིང་།།
195b7 ཤེས་རབ་ཅན་གྱིས་ཁྲོ་བདག་བརྩམས།།གནས་ངན་དག་ནི་ངེས་པར་འཇིག།བཱི་ནཱ་ཤ་ཡ་སརྦ་བཛྲ་ཧཱུཾ།།རྣལ་འབྱོར་རིག་པས་ཇི་སྲིད་འདོད།།མཚན་མ་དེ་ནི་བསྡུ་བྱས་ན།།མ་ལུས་སྡིག་པ
iiif viewer powered by OpenSeadragon
195a - 196a