| | e-texts navigator
|
193b1 བའི་མཆེ་བ་ཆེན་པོ་འཇིག་རུང་མ།།དབུས་ན་རྡོ་རྗེ་ཉི་མ་འབར་བར་ལྡན།།ས་དག་སྲུང་བའི་ཆོ་གར་བཅས།།རྒྱ་ཆར་གཞུང་མཆོག་རྟག་ཏུ་བལྟ་བར་བྱ།།སྦྱང་དང་དབབ་པའི་ལས་རྣམས་ཐམས་ཅད་ནི།།
193b2 ཡན་ལག་མཆོག་ལྡན་དམ་པ་ནས་གཟུང་བྱ།།དེ་ནས་ཕྱག་རྒྱ་ཕྱག་རྒྱའི་ཡན་ལག་བརླབ།།མཆོད་པའི་ཕྱག་རྒྱས་མཆོད་པའི་ཕྱག་རྒྱར་བརྗོད།།དེ་ནས་སྒོ་དང་མཚམས་བཅས་དཀྱིལ་འཁོར་དུ།།
193b3 བཙུན་མོ་དག་པས་གནམ་ལྕགས་གནོད་སྦྱིན་མཆོག།དེ་ནས་སྒོར་འཇུག་པའི་ཚོགས་ལ་ནི།།བཛྲ་ཛ་ཛ།དགུག་པའི་ཕེག་རྡོབ་སྦྱིན་ན་རྒྱ་ཆེ་བ།།བཛྲ་ཧཱུཾ་ཧཱུཾ།དེ་བཞིན་འཆིང་བའ་ཆས་ནི་སྟེར་བྱེད་པ།།
193b4 བཛྲ་བཾ་བཾ།དེ་ནས་ཡེ་ཤེས་ཆོས་ཉིད་སྣ་ཚོགས་པ།།བཛྲ་ཨ་ཨ།དེ་ནས་གསང་བའི་སྒེག་པ་དང་བཅས་མཆོད།།བཛྲ་ཧཱུཾ་ཁཾ།དེ་ནས་ཡན་ལག་ཕྲེང་བ་སྣ་ཚོགས་ལྡན།།བཛྲ་ཧཱུཾ་གྷྲཾ།དེ་ནས
193b5 གླུ་བླང་བ་དང་རོལ་མོ་དག།བཛྲ་ཧཱུཾ་ཏཾ།དེ་བཞིན་གཞན་ངག་དཀྱིལ་འཁོར་དབང་ཕྱུག་མཆོག།བཛྲ་ཧཱུཾ་སྟེ།དེ་ནས་ཕྱི་རོལ་མེ་ཏོག་རྒྱ་ཆེན་པོ།།བཛྲ་ཏི་ཏཾ།དེ་བཞིན་རོལ་ཆ་སྟོང་ཕྲག་དག་བརྡུང
193b6 པི།བཛྲ་ཊ་ཏ།སྤོས་དང་དྲི་ལྡན་རིམ་པ་དག་བྲི་བ།།བཛྲ་དྷཱཏ།དེ་ནས་འོད་ཟེར་སྣང་བ་རབ་ཏུ་སྤྲོ།།བཛྲི་ཀྲྀ་དྷ།དེ་ནས་རྡོ་རྗེ་ལྕགས་ཀྱུའི་ཚོགས་ཀྱིས་དགུག་པར་བྱ།།དགའ་བས་མཉེས་བྱ་རྡོ་རྗེ
193b7 ཡང་དག་ལྡན།།ོཾ་སྲྀད་དྷེ་ཡེ་བཛྲ།ཱ་ན་ཡ་བཛྲ།དེ་ནས་ཆགས་པའི་ས་དང་འདོད་ཆགས་པ།།རཱ་ག་ཡ་བཛྲ། ཧི་བཛྲ།དེ་བཞིན་ཉི་མ་ལ་ལྟ་བཛྲ་ལ་ཡ་བཛྲ།རྒྱལ་མཚན་གྱི
iiif viewer powered by OpenSeadragon
193a - 194a