e-texts navigator
Collection
Volume
Page
Wylie

88a1 རྣམ་པར་འཇོམས་ཤིང་གང་ལ་བལྟས་པ་དེ་འབྲོས་པར་འགྱུར་རོ།།དེ་ནས་གཞན་ཡང་།ཤིང་གཅིག་རྩ་བར་ཕྱིན་ནས་ནི།།མཆོག་གི་རོ་ལ་འདུག་བྱས་ཏེ།།
88a2 གཡས་ན་རཱལཱ་གྲི་འཛིན་པ་དང་།།གཡོན་བརྐྱང་བ་ཡི་ཞལ་གྱིས་ནི།།ཧྲཱིཿཥྚྲྀཿལ་སོགས་པའི་སྔགས་མཚན་མོ་མཐའ་དགྲ་བཟླས་པར་བྱ་སྟེ།དེའི་ཚེ་རལ་གྲོ་ཡོངས་སུ
88a3 འཕྲོ་ཞིང་དེའི་ཚེ་ཕ་རོལ་གྱི་སྡེ་རྣམས་སྤྱ་།།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམང་པོའི་རྒྱུད་ལས།ཕ་རོལ་གྱི
88a4 སྡེ་རྣམ་པར་འཇོམས་པའི་ལེའུ་སྟེ་དྲུག་པའོ།།།།དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།།མི་སྣང་འགྲུབ་པར་རབ་གསལ་མཛད།།ཐོག་མར་མི་སྣང་བ་སྒྲུབ་པའི་དོན་དུ།བཱརྣལ
88a5 འབྱོར་པས་རྒྱལ་དང་ཉི་མའི་ཉིན་མོ་བརྩམ་ཞིང་སྔོན་དུ་ཡང་དག་པར་བཏགས་ལ་འབུམ་ཕྲག་བཟླས་པར་བྱ་སྟེ།དེའི་དྲོད་འབྱུང་བར་འགྱུརརོ།།གཟིས་བཟུང་བའི་དུས་ནས་པ་ཎི་ནཱ
88a6 ཀ་རིའི་རྩ་བ་དང་།རོ་དང་།ཁཾ་གྷུ་རི་དང་།ེ་ར་བཱ་ཌའི་རྩ་བ་དང་།ཐམས་ཅད་གཅིག་ཏུ་བྱས་ཏེ་རིལ་བུ་བྱས་ནས་ཁར་བཅུག་ན་མི་མཐོང་བར་འགྱུརརོ།།དེ་བཞིན་དུ་གཞན
88a7 ཡང་།ཁོ་ཌོ་དང་།ཛཱ་སྠི་དང་།ཛི་ཡན་ཏི་དང་།བྲིདྡྷ་ར་ཀའི་རྩ་བ་དང་ཐམས་ཅད་མཉམ་པར་གཅིག་ཏུ་བྱས་ཏེ།བྷེ་གའི་གཅིན་ལ་ཉི་མ་གསུམ་བསྒོས་ལ་རིལ་བུ་བྱས་ནས




iiif viewer powered by OpenSeadragon

87b - 88b

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po