e-texts navigator
Collection
Volume
Page
Wylie

87a1 དྲག།པའི་བྱ་རོག་གི་ཁྲག་གིས་སོར་བཅུ་གཉིས་པའི་ཚད། རྩིབས་བཅུ་གཉིས་པའི་འཁོར་ལོ་ལ།ས་བོན་བཅུ་གཉིས་དང་།དེ་ཉིད་དུ་དགྲ་བོའི་མིང་དབུས་སུ་སྤེལ
87a2 ལ།ནཆོ་ག་ཁྲག་དང་བཅས་པའི་ཁ་སྦྱར་བ་ཐ་ཡིག་གསུམ་གྱིས་ཕྱི་རོལ་ཏུ་བསྐོར་བ་བྱ་རོག་གི་མགྲིན་པར་བཏགས་ཏེ།གལ་ཏེ་འབབ་ཆུ་ལ་བསྒྱུར་ནི་དེའི་ཚེ་འཁྲུག་པར
87a3 འགྱུར་རོ།།དེ་ཁོ་ན་ལྟར་ས་བོན་བཅུ་གཉི་སུ་བྲི་བར་བྱ་སྟེ།ཕཊ་ཕཊ་ཧཱུཾ་ཧཱུ~ཾ་ན་ན་ཏཱ་ཀྲྀ་བིཥྞཱིཿཧྲཱིཿོཾ།ཇི་ལྟར་འབྱོར་པས་ཕུད་མཆོད་ནས།།སྟོབས་པོ་ཆེ་ཡི་བདུག
87a4 པ་ཕུལ།།གལ་ཏེ་འབྲིབ་ཚུལ་བསྒྱུར་ན་དེའི་ཚེ་འཁྲུག་པར་འགྱུརརོ།།གྲོལ་ཏེ་མ་གྱུར་ན་བྱི་རོག་གི་བཤོག་པ་ལ་ལན་བདུན་མེདོ་པ་བསྔགས་པ་བྱས་ནས།དགྲ་བོའི
87a5 སྒོ་ནང་དུ་མིང་དང་སྤེལ་བ་ནི་འཕེལ་དུ་འཁོར་དང་བཅས་པ་སྐྲོད་པར་བྱེད།།དེ་ཁོ་ན་ལྷར་རྩིབས་བཅུ་གཉིས་པའི་འཁོར་ལོའི་དབུས་སུ།ཚ་བ་གསུམ་དང་དྲུག་དང་སྐྱེ
87a6 ཚེ་རྣམས་རུས་པ་ཆེན་པོའི་འདྲི་སྐྱུག་གིས་མེའི་ས་བོན་གྱི་དབུས་སུ།ཚེག་དྲག་དང་བཅས་པའི་གྷཿཡིག་གཉིས་ཁ་སྦྱར་བའི་ཐ་ཡིག་གསུམ་གྱི་ཕྱི་རོལ་དུ་བསྐོར
87a7 བའི་མེའི་བུད་ཤིང་གི་མེ་ལ་གདུང་བར་བྱ་སྟེ།དེའི་སྐད་ཅིག་ལ་བུ་དང་ཆུང་མ་དང་གཡོག་འཁོར་དང་བཅས་པ་འཆི་བར་འགྱུར་རོ།།དེ་བཞིན་གཤེགས་པ་ཐོད




iiif viewer powered by OpenSeadragon

86b - 87b

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po