| | e-texts navigator
|
85b1 ལོག་སྨྲ་ནི་སྒྲོགས་པར་བྱེད།།གཤིན་རྗེ་གཤེད་ཀྱི་སྦྱོར་ལྡན་པས།།སྐད་ཅིག་ཀྱང་ནི་འཇིགས་མི་བྱ།།གང་གང་འདོད་པའི་རྣལ་འབྱོར་པ།།དེ་དག་ཐམས་ཅད་ཐོབ་པར་འགྱུར།
85b2 མ་ཧེ་དང་ནི་ཆུ་སྲིན་དང་།།སྟག་དང་དེ་བཞིན་གཞན་རྣམས་ཀྱིས།།དོམ་དང་ལྕེ་སྤྱང་དྲག་དང་ནི།།སྤྲེའུ་ཡང་ནི་བྱེ་བྲག་ལས།།སྐྲོད་ཚེ་ལན་ཚྭ་དེ་བཞིན་དུ།།ཤ་བ་ཛ་ན་ཚྭ་བ
85b3 གསུམ།།འདི་ཡིས་སྐུ་གཟུགས་ཡང་དྲག་སྒྲུབ།།འཇིགས་པའི་གཟུགས་ཅན་གྲོ་ཤིན་རྗེ་གཤེད།།དེ་ལ་གསོལ་བཏབ་རྣལ་འབྱོར་པ།།ཧྲཱིཿཥྞཱིཿལ་སོགས་སྔགས
85b4 བཟླས་ཏེ།།རྒྱལ་པོ་ཆེ་གེ་བསད་ནས་ནི།།བདག་དེ་རེངས་པར་སྦྱར་བར་བྱ།།བྱ་བ་བཟླས་པས་འགྲུབ་འགྱུར་ཏེ།།བདེན་ཞིང་བདེན་པར་ཐེ་ཚེ་མི་མེད།།དེ་ནས་གཞན
85b5 ཡང་།རྒྱལ་གྱི་ཟླ་བའི་དཀར་ཕྱོགས་དང་།།ཉི་མར་བསྒྲུབས་ལ་ཡང་དག་སྦྱར།།རྡུལ་ལྡན་གོས?་ནི་ཡང་དག་བླང་།།ཐང་སྐུ་མཆོག་ནི་བྲི་བར་བྱ།།བྲི་བྱ་བཀྲ་ཤིས
85b6 མཆོག་སྣག་ཚྭ།།ཆེན་པོ་ཡང་དོག་ལྡན་རྣམས་ཀྱི།སྐུ་མདོག་དཀར་པོ་དྲག་ཤུལ་ཆེ།།ཕྱག་གཉིས་དང་ནི་ཞལ་གཅིག་མཆོག།གཡས་པ་རྡོ་རྗེ་འབར་བ་སྟེ།།གཡོན
85b7 བས་འཇིག་པའི་མགོ་བོ་འཛིན།།ཞབས་ནི་གཡོན་བརྐྱང་རྣམ་འགྱུར་དང་།།རིན་ཚོན་ཅོད་པན་རྣམ་པར་རྒྱན།།རིན་ཆེན་རྒྱན་རྣམས་ཡོངསུ་རྫོགས།།འོད་ཟེར་ཕྲེང་བས
iiif viewer powered by OpenSeadragon
85a - 86a