| | e-texts navigator
|
85a1 པར་མཛོད།།ཅེས་པ་བརྗོད་དེ་མཚན་མོ་ཉ་ལ།།དགྲ་ནི་ཐོ་རངས་འཚོ་བར་འགྱུར།།ཡང་ན་ནུ་བར་འགྱུར་བ་སྟེ།།མྱོས་པ་ལ་སོགས་ཀུན་ཏུ་འཁྲག།དགྲ།
85a2 བོའི་རྣམ་སྣང་བླང་བྱ་སྟེ།།མི་ཡི་རྐང་ནི་རེབ་བརྐང་བྱ།།འབུམ་ཕྲག་བཟླས་པས་རྫོགས་ནས་ནི།།ཤིང་གི་རྩེ་མོར་སྦྱང་བྱ་ཉིད།།རྟག་ཏུ་ཡི་དགས་ཚལ་དུ་བ་སྐོར།།
85a3 རྣལ་འབྱོར་དབང་ཕྱུག་མཉེས་ན་བདེ།།དེ་ནས་གཞན་ཡང་རབ་བཤད་བྱ།།རོ་ལིངས་ཆེན་པོའི་སྒྲུབ་ཐབ་སོ།།ཐམས་ཅད་འགྲུབ་པར་བྱེད་པའི་མཆོག།སྣ་ཚོགས་བྱ
85a4 བ་རབ་སྒྲུབ་པའོ།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེག་ཤིད་དམར་པོའི་རྒྱུད་ལས།ཟླ་འཇིགས་བྱེད་ཅེས་བྱ་བའི་ལེའུ་སྟེ་བཞི
85a5 པའོ།།།།དེ་ནས་རྒྱལ་སྲིད་སྒྲུབ་ཐབས་མཆོག།འདི་ལས་ཡང་དག་རབ་པ་ཤད་བྱ།།འཕྱང་བའིའོ་ཤིང་ནི་བཟུང་བྱ་སྟེ།།མ་ཉམས་དེ་བཞིན་རྨ་མེད་པ།།
85a6 བྲངས་ལ་གདུང་བར་བྱ་དེ་ཡང་།།བཟླས་པའི་ཕྲེང་བར་རབ་བསྒྲུབ་བྱ།།ཟ་བ་ཟླ་བའི་བཅུ་བཞི་ལ།།ཤ་ལྔ་ཡིས་ནི་བྱུག་པར་བྱ།།བདུད་རྩི་ལྔ་དང་ཡང་དག་ལྡན།།
85a7 བཟླས་པར་འགྲུབ་པར་བྱེད་པའི་མཆོག།འདི་ཡིས་འབུམ་ཕྲག་བཟླས་པ་ཡིས།།ངེས་པར་རྒྱལ་སྲིད་འགྲུབ་པར་འགྱུར།།ེ་མ་སྔགས་ཀྱི་ནུས་པ་ནི།།གཉིད
iiif viewer powered by OpenSeadragon
84b - 85b