| | e-texts navigator
|
84b1 མཆོག་ཡིན།།གཏུམ་པོ་ས་བོན་བརྒྱ་བླངས་ཏེ།།སྲན་མ་འབྲས་དང་བསྲེས་པ་ནི།།འབུམ་ཕྲག་བདུན་དུ་རབ་བཟླས་པས།།ལྷ་ནི་སྦྱིན་སྲེག་ལས་གཟིགས་འགྱུར།།
84b2 དུར་ཁྲོད་ཀྱིས་ནི་གོས་མཱ་བླངས།།གཟུགས་བརྙན་བྱ་བ་བརྟུལ་ཞུགས་ཅན།།སྐྱོ་བྱེད་ཁུ་བས་བྱུག་པ་ཡིས།།ཁྲི་ཕྲག་གཅིག་གོས་འབུགས་པར་བྱེད།
84b3 ཕྲག་བཞི་ནི་བཟླས་པ་ཡིས།།དོན་གྲུབ་ས་བོན་ཀུན་བསགས་པས།།གཉིད་ལོག་ལངས་ཏེ་བྱ་བ་དང་།།ཚོར་བར་ཡང་ན་ཐེ་ཙོམ་མེད།།རྒྱུན་ལོམ་གྱི་ནམ་བླངས་ཏེ།
84b4 སྔགས་ནི་འབུམ་ཕྲག་བཟླས་པ་ལས།།སྤྱི་བོར་རབ་ཏུ་བྱུགས་ཙམྲ་གྱིས།།སྤྱི་བའི་ནད་ནི་རྣམ་པར་འཇོམས།།ལན་བདུན་མངོན་པར་བསྔགས་བྱས་ཏེ།།ལག་པས
84b5 སྤྱི་བུར་མཉེ་བར་བྱ།།ནིད་ཀྱིས་ཉམས་པ་མེདོ་འགྱུར་ཏེ།།འདིར་ནི་ཐེ་ཙོམ་ཡོད་མ་ཡིན།།བྲམ་ཟེ་ཡི་ནི་ཤ་དག་དང་།།དུར་ཁྲོད་ཐལ་བས་དོན།།གཤིན་རྗེག
84b6 ཀྱི་སྤྱི་གཟུགས་བྱ།།ཕྱག་གཉིས་དང་ནི་ཞལ་གི་ཅིག་པ།།གླཡས་པ་རྡོ་རྗེ་ཆེན་པོ་སྐྱེ།།དེ་བཞིན་གཡོན་ན་མི་མགོའོ།།སྐུ་མདོག་དཀར་པོ་འཇིགས་བྱུང་ཆེན།
84b7 དེ་ཡིས་མ་རུངས་འཇོམས་པར་བྱེད།།ཤ་དང་བདུད་རྩི་ལྔ་ཡིས་ནི།།ཉི་མོ་སོར་གཏོར་མ་དབུལ།།རྟག་ཏུ་གསོལ་བཏབ་རྣལ་འབྱོར་པ།།བདག་གི་དགྲོ་བ་འཛུམས།།
iiif viewer powered by OpenSeadragon
84a - 85a