e-texts navigator
Collection
Volume
Page
Wylie

83b1 ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་ངེས་པར་བྱུང་བར་གྱུར་ཏོ།།ུ་དུམ་བ་ར་མནྡ་ར།།པ་ར་དྷཱ་ཏ་ཀ་མཱ་ལི་ཀ།ཀར་ནི་ཀ་རའི་ཕྲ་བ་ཡང་།།བུ་ཁྱོད་ཟུང་ལ་བྱིན་གྱིས་རློངས།།
83b2 ཁམས་གསུམ་པ་ཡི་རལ་གྲི་ཆེ།།སངས་རྒྱས་ཐམས་ཅད་ཕྱག་མཛད་པ།།བཟུང་ནས་བདུད་ལས་རྒྱལ་བར་འགྱུར།།ལས་ཀྱི་རལ་གྲི་དང་མཚུངས་མཆོག།ཤེསྲ་རབ་ཐབས
83b3 ཀྱེཀྱི་རང་བཞིན་ནོ།།རྡོ་རྗེ་དྲིལ་བུའང་སྒྲུབ་པའི་ཕྱིར།།མཉེས་ཤིང་གསང་བའི་རྡོ་རྗེ་ཟུང།།ཁྱོད་ནི་སློབ་མ་བསྡུ་བར་གྱིས།།འདི་ནི་བཏུང་བ་རིན་ཆེན་ཏེ།།འགྲུབ་པའི་ལུས་ནི
83b4 རབ་སྒྲུབ་བྱེད།།སྐྱེས་བུ་བྱུང་བའི་ཆུ་འཐུངས་ཅིག།མཉེས་གཤིན་ཀུན་ཏུ་ཡེ་ཤེས་ཉིད།།།སློབ་མའི་ཁཾ་ཡིས་བཏུང་བྱ་སྟེ།།གཤིན་རྗེ་གཤེད་ནི་རབ་སྒྲུབ་ཕྱིར།།
83b5 རྡོ་རྗེ་སློབ་མོ་བདག་ཉིད་ཆེ།།སེམས་ནི་ཤིན་ཏུ་དགའ་བར་མཛོད།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུ་ལས་སྔགས
83b6 ཕྱིར་གྲག་པའི་རབ་ཏུ་སྦྱོར་བའི་ལེའུ་སྟེ་ར་ཨུམ་པའོ།།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།།རལ་གྲིའི་སྒྲུབ་ཐབས་བཤད་པར་བྱ།།ཁབ་ལེན་ལྕགས་ཀྱི་རང
83b7 བཞིན་ལས།།རིལ་གྲི་ཡང་ན་དངུ་ཆུ་ཡིས།།ཕྱཝ་བྱས་ཁྲུ་གང་ཚད་ཀྱིས་ནི།།རིལ་གྲི་རྣམ་ཨམ་བཻརྟུལ་ཞུགས་ཅན།།བཅུ་བཞི་ཡང་ན་བརྒྱད་པ་ལ།།




iiif viewer powered by OpenSeadragon

83a - 84a

Texts on this page

N430 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po